ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ན་ནིང་ནག་ཉེས་ཚབས་ཆེན་བསཌ་པའི་གྱོད་གཞི་ཐོན་ཚད་ཤུཌ་ཆེན་ཆག་པ།

2026-02-06 16:36:00     责编:卓玛才让

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཟླ་2ཚེས་5ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་མེའོ་ཧྲེང་མིང་གིས། སྤྱི་ལོ་2025ལོའི་ཟླ་བ་1ནས་11བར། རྒྱལ་ཡོངས་ཞིབ་དཔྱོད་ཚན་པས་ཁྱོན་མི་ཁྲི་87.3འཛིན་བཟུང་བྱ་རྒྱུ་ཞིབ་བཤེར་བདག་སྤྲོད་བྱས་པ་དང་། ཁྱོན་མི་ཁྲི་60.4འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་ཡོད་ཅིང་། ཁག་སོ་སོར་བརྒྱ་ཆ་15.6དང་བརྒྱ་ཆ་12.9ཆག་ཡོད། ཁྱོན་མི་ཁྲི་163.3ཞུ་གཏུག་བྱ་རྒྱུར་ཞིབ་བཤེར་བདག་སྤྲོད་བྱས་པ་དང་། ཁྱོན་མི་ཁྲི་127.2གཞུང་གཏུག་བྱས་ཡོད་ཅིང་། ཁག་སོ་སོར་བརྒྱ་ཆ་19.6དང་བརྒྱ་ཆ་13.3ཆག་ཡོད། ནག་ཉེས་ཚབས་ཆེན་བསགས་པའི་གནས་ཚུལ་རིགས་ཐོན་ཚད་ཤུགས་ཆེན་ཆག་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་འཚོ་བར་འཇིག་སྣང་བཟོ་བའི་ཉེས་བསགས་རིགས་མངོན་གསལ་དོད་པོས་དམའ་རུ་སོང་བ་བཅས་བྱུང་ནས། རྒྱལ་ཡོངས་སུ་ཉེས་དོན་གྱོད་གཞི་ཐོན་ཚད་དུས་རབས་འདི་ཤར་ཚུན་གྱི་ཟིན་ཐོ་དམའ་ཤོས་བཏོད་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ན་ནིང་ནག་ཉེས་ཚབས་ཆེན་བསཌ་པའི་གྱོད་གཞི་ཐོན་ཚད་ཤུཌ་ཆེན་ཆག་པ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཟླ་2ཚེས་5ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག