བོད་ལྗོངས་སུ་ཚོར་ཉམས་མིའི་གཤགས་བཅོས་ཐོག་མ་དེ་ལེགས་གྲུབ་བྱུང་འདུག
སྤྱི་ལོ་2025ལོའི་ཟླ་བ་3ཚེས་22ཉིན་ནི་འཛམ་གླིང་དྲན་འཐོར་ཉིན་མོ་ཐེངས་ལྔ་པ་དེ་རེད། དྲན་པ་འཐོར་བ་དང་ཚོར་བ་ཉམས་པ་ནད་བརྟག་སྨན་བཅོས་བྱ་རྒྱུ་དེ་ནི་དེང་རབས་གསོ་རིག་ལ་འཕྲད་པའི་དཀའ་གནད་ཆེན་པོ་ཞིག་རེད། ཉེ་ཆར། མཁའ་དམག་དམག་དོན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་ཐང་ཏུའུ་སྨན་ཁང་གི་དབང་རྩའི་ཕྱི་ནད་ཚན་ཁག་གི་ལས་ཚབ་རིགས་གཅིག་མཁས་དབང་ཝང་པའོ་དང་བོད་ལྗོངས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་དབང་རྩའི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་པའི་ཚོགས་པས་མཉམ་ལས་དམ་ཟབ་བྱས་པ་བརྒྱུད། བོད་ལྗོངས་ཁུལ་གྱི་ཚོར་ཉམས་མིའི་དྲན་པ་གསོས་པར་བྱེད་པའི་གཤགས་བཅོས་ཐོག་མ་དེ་ལེགས་གྲུབ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་དབང་རྩའི་ཕྱི་ནད་ཚན་ཁག་ནས་ཚོར་ཉམས་མིའི་དྲན་པ་གསོས་པར་བྱེད་པའི་གཤགས་བཅོས་བྱས་པ་དེས་བོད་ལྗོངས་ཁུལ་གྱི་དབང་རྩ་ཚོད་འཛིན་སྨན་བཅོས་ཀྱི་སྟོང་ཆ་གསབ་ཡོད་ལ། ས་གནས་དེ་གའི་དབང་རྩའི་མ་ལག་སྨན་བཅོས་ཀྱི་ལེའུ་གསར་པ་བརྩམས་ཡོད། དེའི་ཐོག་ནས་བོད་ལྗོངས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གིས་སྔོན་ཐོན་ལག་རྩལ་བེད་སྤྱོད་བྱེད་པའི་ཐད་མཆོང་བརྒལ་གསར་པ་བྱུང་བ་མཚོན་ཡོད་ལ། ས་མཐོའི་ས་ཁུལ་གྱི་དྲན་པ་འཐོར་བའི་ནད་པར་དྲག་སྐྱེས་ཡོང་བའི་རེ་བ་གསར་པ་སྦྱིན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།