ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ན་ནིང་སློབ་ཐོན་སློབ་མ་4047ལྗོངས་ཕྱིར་ལས་ཞུགས་ཐུབ་འདུག

2025-03-18 09:30:00     责编:卓玛才让

ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་2024ལོར་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་4047ལྗོངས་ཕྱིར་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་འདུག

བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། བོད་སྐྱོར་ཁེ་ལས་སོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དེ་དག་གིས་བོད་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་བསྡུ་སྐབས་ཆེད་ལས་དང་འཚམ་མཐུན་ཡོང་ཚད་མཐོ་རུ་བཏང་སྟེ་ལྗོངས་ཕྱིའི་ལས་གནས་ཁྲི་2.2བརྩོན་ལེན་བྱས་ཡོད། དེའི་ནང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་གནས་1038ཚུད་ཡོད། 

བོད་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཅེས་པ་བཏོན་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་། གཞིས་ཆགས་འགྲོ་གྲོན་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱས་ཡོད་ཅིང་། ཁྱོན་རིགས་ཁག་གི་ཁ་གསབ་སྒོར་དུང་ཕྱུར་9.8དོན་འཁྱོལ་བྱས་པས་སློབ་ཆེན་སློབ་ཐོན་སློབ་མ་མི་ཐེངས་ཁྲི་3.8ལ་ཕན་པ་ཐོབ་ཡོད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་མཐུན་སྦྱོར་བྱས་ནས་སྡོད་ཁང་དང་། ཐེམ་ཐོ་བཟོས་ནས་གཉེན་འཕྲད་ལ་གཏོང་བ། བུ་ཕྲུག་སློབ་ཞུགས་སོགས་ཀྱི་ཐད་ནས་ལྗོངས་ཕྱིར་ལས་ཞུགས་བྱེད་མཁན་གྱི་སློབ་ཆེན་སློབ་ཐོན་སློབ་མར་ཐུགས་ཁུར་སྔར་ལས་ཆེ་བ་བྱེད་པ་དང་། སྲིད་ཇུས་ལེགས་བསྡུས་ཅན་དང་། ཁ་གསབ་ཕྱོགས་གཉིས་ཅན་གྱི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་ཅིག་ཆགས་ཡོད། 

བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས། ང་ཚོས་གཅིག་བསྡུས་ཅན་དང་ཁུལ་ཆུང་ཅན་གྱི་ཞབས་ཞུ་གསར་གཏོད་མཁོ་འདོན་བྱེད་བཞིན་ཡོད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་། ཁྲེན་ཏུའུ་རུ་ལྗོངས་ཕྱིའི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་བཙུགས་ཐོག་ཆེད་དོན་མི་སྣ་བཀོད་སྒྲིག་བྱས་ནས་ལས་གནས་འབྲེལ་མཐུད་དང་སྲིད་ཇུས་བློ་འདྲི་ལ་སོགས་པའི་ཞབས་ཞུ་སྤེལ་ཏེ་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་སྐྱོད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་ཡག་པོ་བྱེད་ཐུབ་པ། མཐུན་འགྲིག་ཡོང་ཐུབ་པ། རྐང་པ་ཚུགས་ཐུབ་པ་བཅས་ཡོང་རྒྱུར་རོགས་རམ་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར། བོད་ལྗོངས་ཀྱིས་ཕྱོགས་བསྡུས་རྣམ་པའི་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་ནས་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶“བྱང་ཆིངས་ནང་ཞུགས་ཐུབ་ན་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱས་ཆོག”

ཙེ་ལན་སི་ཅིས་ཟླ་2པའི་ཚེས་28ཉིན་ཨ་རིར་འཚམས་འདྲི་ཞུ་རིང་ཕོ་བྲང་དཀར་པོར་ ཐེ་རོན་ཕུའུ་དང་ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་དང་གྲོས་མོལ་བྱས་ཡོད།

中央广播电视总台 央广网 版权所有

ན་ནིང་སློབ་ཐོན་སློབ་མ་4047ལྗོངས་ཕྱིར་ལས་ཞུགས་ཐུབ་འདུག

ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར།