ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གྱོང་གུན་སྒོར་ཁྲི་1796ལྷག་སེལ་འདུག

2025-03-14 14:52:00     责编:卓玛才让

     སྤྱི་ཚེས་13ཉིན་བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་“3·15”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་འཕེལ་རིམ་གསར་ཤོས་དང་ཕན་འབྲས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་རིམ་པ་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཡོད་པ་རེད། སྤྱི་ལོ་2024ལོའི་ཚུན་དུ་འཛད་སྤྱོད་པས་ཞུ་གཏུག་དང་ཐེར་འདོན་བྱས་པའི་གྱོད་གཞི་ཁྱོན་ཁྲི་2.17བདག་སྤྲོད་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1796.86སེལ་ཡོད། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་ལེགས་གྲུབ་བྱུང་བ་དང་། ཐད་སྦྲེལ་ཁ་པར་12315ཤར་གཏོང་ཐུབ་པ། ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དེ་སྤྱི་ཚོགས་ཐུན་མོང་གིས་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད།

     བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ཐད་བོད་ལྗོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འཐེན་བཤེར་དང་ལྟ་སྐུལ་འཐེན་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཅའི་རིགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱོད་གཞི་504གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་དང་དངུལ་ཆད་དང་གཞུང་བཞེས་དངུལ་གྲངས་སྒོར་ཁྲི་542.85བཏང་ནས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་རེད། གཞན་ཡང་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བ་དང་ཚོང་ཟོག་རྫུན་མ་དང་སྤུས་ཞན་བཟོ་ཚོང་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་དང་། ཚོང་ཟོག་རྫུན་མ་དང་བདག་དབང་བཙན་གནོད་ཀྱི་གྱོད་གཞི་369གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། བདག་དབང་བཙན་གནོད་ཀྱི་ཚོང་ཟོག་རྫུན་མ་དང་སྤུས་ཞན་ཏུན་82མེད་པར་བཟོས་ཡོད་པ་རེད།

     བདེ་འཇགས་དང་བློ་བདེ་བའི་འཛད་སྤྱོད་ཁོར་ཡུག་ཅིག་གཏོད་ཆེད། བོད་ལྗོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ད་དུང་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འཛད་སྤྱོད་ཞུ་གཏུག་སྣ་མང་སེལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལག་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམ་རྩིས་བྱས་ན་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཁག་1867ཞིབ་བཤེར་ཐག་གཅོད་བྱས་པ་དང་དངུལ་ཆད་དང་གཞུང་བཞེས་སྒོར་ཁྲི་1499.73བཏང་བ་རེད། གཞན་ཡང་ཁེ་ལས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གྲོན་དངུལ་བཅོས་སྒྲིག་བྱེད་པའི་ཐད་ཁེ་ལས་ལ་སྒྲིག་འགལ་གྲོན་དངུལ་སྒོར་ཁྲི་101ཕྱིར་སློག་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶“བྱང་ཆིངས་ནང་ཞུགས་ཐུབ་ན་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱས་ཆོག”

ཙེ་ལན་སི་ཅིས་ཟླ་2པའི་ཚེས་28ཉིན་ཨ་རིར་འཚམས་འདྲི་ཞུ་རིང་ཕོ་བྲང་དཀར་པོར་ ཐེ་རོན་ཕུའུ་དང་ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་དང་གྲོས་མོལ་བྱས་ཡོད།

中央广播电视总台 央广网 版权所有

གྱོང་གུན་སྒོར་ཁྲི་1796ལྷག་སེལ་འདུག

སྤྱི་ཚེས་13ཉིན་བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་“3·15”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག