གློག་བརྙན་འདིའི་པ་སེའི་ཡོང་འབབ་ཨ་སྒོར་དུང་ཕྱུར་16.98ཟིན་པ།
དྲ་ཐོག་སྟེགས་བུའི་གྲངས་གཞི་ལྟར་ན།
སྤྱི་ཟླ་2ཚེས་18ཉིན་བར།
གོ་ལ་ཧྲིལ་པོར་༼ནེ་ཀྲ་ལས་བདུད་ཕྲུག་གིས་ཀླུ་ཡུལ་དཀྲུག་པའི་སྒྲུང༽ཞེས་པའི་
གློག་བརྙན་གྱི་པ་སེ་བཙོངས་པའི་ཡོང་འབབ་དེ།
ཨ་སྒོར་དུང་ཕྱུར་16དང་བྱེ་བ་9དང་ས་ཡ་8ཟིན་ནས།
༼བློ་ལྡན་གསང་མྱུལ།2༽ཞེས་པའི་པ་སེའི་ཡོང་འབབ་ལས་བརྒལ་ཏེ།
གོ་ལ་ཧྲིལ་པོའི་འགུལ་རིས་གློག་བརྙན་གྱི།
པ་སེའི་ཡོང་འབབ་མཐོ་ཤོས་སུ་གྱུར་བ་དང་སྦྲགས།
གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོད།
པ་སེའི་ཡོང་འབབ་བང་སྒྲིག་གི་ཨང་བརྒྱད་པར་སླེབས་ཡོད།
དེའི་གོང་།
༼ནེ་ཀྲ་ལས་བདུད་ཕྲུག་གིས་ཀླུ་ཡུལ་དཀྲུག་པའི་སྒྲུང༽ཞེས་པའི་གློག་བརྙན་དེས།
བསྟུད་མར་ཟིན་ཐོ་མང་པོ་ཞིག་བཏོད་ཡོད་པ་དང་།
གློག་བརྙན་དེ་ཡང་ཨ་ཤེ་ཡའི་གླིང་གི་
པ་སེའི་ཡོང་འབབ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་
གློག་བརྙན་ཐོག་མ་དེར་གྱུར་བ་མ་ཟད།
གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་ར་རྐྱང་པའི་
པ་སེའི་ཡོང་འབབ་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།