མཚོ་སྔོན་གྱི་ལུས་རྩལ་པས་ཟངས་ཀྱི་རྟགས་མ་བླངས་འདུག
ཟླ་2པའི་ཚེས་14ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། མཇུག་འགྲིལ་མ་ཐག་པའི་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འཁྱགས་ལྟིར་འགྲན་བསྡུར་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ལུས་རྩལ་པ་ཡེ་ཅན་ཅུན་གྱིས་རྒྱལ་ཁབ་རུ་ཁག་གི་རུ་གྲོགས་དང་ལག་གདང་སྦྲེལ་ནས་འཁྱགས་ལྟིར་སྐྱེས་པ་ཚོགས་པའི་ཟངས་ཀྱི་རྟགས་མ་བླངས་པ་རེད། འདི་ནི་མཚོ་སྔོན་གྱི་དགུན་དུས་རྣམ་གྲངས་ལུས་རྩལ་པས་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཐོག་བླངས་པའི་རྟགས་མ་དང་པོ་དེ་ཡིན་པ་རེད།
ཟླ་2པའི་ཚེས་14ཉིན། ཧའར་པིན་ཨ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཉིན་མོ་མཇུག་ཤོས་དེར། སྐྱེས་པའི་འཁྱགས་ལྟིར་གྱི་ཟངས་ཀྱི་རྟགས་མའི་འགྲན་བསྡུར་ནང་ཞུས་ཞའོ་མིང་དང་ཧྥེ་ཞུས་ཆིན། ཝང་ཀྲི་ཡུས། ལི་ཀྲི་ཁྲའོ། ཡེ་ཅན་ཅུན་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་10བསྡུར་3གྱི་ཐོག་ནས་ཀྲུང་གོའི་ཤང་ཀང་རུ་ཁག་ལས་རྣམ་པར་རྒྱལ་ནས་ཟངས་ཀྱི་རྟགས་མ་བླངས་ཡོད།