ཁེ་ལས་6གིས་གཞིས་རྩེར་སྒོར་ཁྲི་6100ཡི་གན་རྒྱ་བཞག་འདུག
སྤྱི་ལོ་2024ལོའི་ཟླ་10ཚེས་24ཉིན་བོད་ལྗོངས་ཀྱི་སྐབས་དང་པོའི་གཞིས་རྩེའི་ནས་ཀྱི་ཐོན་ལས་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་རེད། འོས་སྦྱོར་ཚོགས་འདུའི་ཐོག་ཁེ་ལས་6གིས་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པ་དང་གན་རྒྱ་བཞག་པའི་མ་འཇོག་བསྡོམས་འབོར་སྒོར་ཁྲི་6100ཟིན་ཡོད་པ་རེད།
སྤྱི་ལོ་2016ལོ་ནས་བཟུང་གཞིས་རྩེས་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་4.75བཏང་ནས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་ཐོན་ལས་འབྲེལ་ཐག་གི་གོང་འོག་ཚང་མ་སྤྱིར་ན་ཆ་ལག་ཚང་བ་མ་ཟད། ནས་ཆང་དང་། སྟབས་བདེའི་ཐུག་པ། ཏན་ཞིམ། ནས་འབྲས། ནས་ཀྱི་བཏུང་བྱ། ནས་ཕྱེ། འོ་ཇ། ནས་རག་དཀར་པོ་སོགས་ནས་ཀྱི་ཐོན་རྫས་བརྒྱ་ལྷག་ཙམ་སྔ་རྗེས་སུ་གྲུབ་འབྲས་ཐོབ་པའི་ངང་ཞིབ་འཇུག་གསར་སྤེལ་བྱས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།