ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལོ་75རིང་མཚོ་སྔོན་གྱི་འགྲིམ་འགྲུལ་ལ་འཕེལ་རྒྱས་འདི་འདྲ་བྱུང་།

2024-09-30 09:58:00     责编:娜科

2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་70འཁོར་བའི་ལོའང་རེད།   

 

 

ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་འགོར། མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཤིན་ཏུ་རྗེས་ལུས་ཡིན་ཞེས་བརྗོད་ཆོག 1950ལོའི་ཟླ་1པོར།    མཚོ་སྔོན་ཞིང་ཆེན་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་ཙམ་གྱི་གཞུང་ལམ་སྤྱི་ལེ་472མ་གཏོགས་མེད་ལ།     འགྲིམ་འགྲུལ་སྡེ་ཁག་གིས་རྩིས་ལེན་བདག་སྤྲོད་བྱས་པའི་རླངས་འཁོར་14ཡི་ནང་བེད་སྤྱོད་གཏོང་ཐུབ་པའི་རླངས་འཁོར་4མ་གཏོགས་མེད་པ།     ཟམ་པ་71ཡོད་ཀྱང་མང་ཆེ་བ་གོག་ཧྲུལ་དུ་གྱུར་ཟིན།    

དེ་རྗེས་མཚོ་སྔོན་གྱིས་མཚོ་སྔོན་ནས་བོད་ལྗོངས་དང་།    མཚོ་སྔོན་ནས་ཤིན་ཅང་།    མཚོ་སྔོན་ནས་སི་ཁྲོན་སོགས་གཞུང་ལམ་ཨ་མ་བཅུ་ལྷག་ཙམ་སྔ་རྗེས་སུ་ཉམས་གསོ་དང་གསར་སྐྲུན་བྱས་པ་རེད།     1954ལོའི་ཟླ་5པར་དམག་དཔོན་ཆེན་མོ་མུའུ་ཧྲེང་ཀྲུང་གིས་ལམ་བཟོ་དཔུང་ཆེན་གྱི་སྣེ་ཁྲིད་དེ་མཚོ་བོད་གཞུང་ལམ་གྱི་ལྷོ་དུམ(ན་གོར་མོ་ནས་ལྷ་ས་བར)བཟོས་ནས་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད།    

 

 

2023ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.94ཟིན་པ་དེ་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་གི་ལྡབ་189ཡིན་པ་དང་།     མཚོ་སྔོན་ཞིང་ཆེན་ཡོངས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མའི་ཟམ་པ་ཁྱོན་9400དང་གྲོང་གསེབ་ཀྱི་གཞུང་ལམ་ཟམ་པ་ཁྱོན་3857ཡོད་པ་རེད།

ད་ཆ་མཚོ་སྔོན་གྱི་དེང་རབས་ཅན་གྱི་གཞུང་ལམ་དྲ་བ་རིམ་བཞིན་ཆགས་ནས་མང་ཚོགས་རྣམས་“གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་།    ཆར་དུས་སུ་འདམ་གྱིས་ཁེངས་པའི”འཚོ་བ་སྐྱེལ་མཇུག་འགྲིལ་ནས།“སྒོར་ཐོན་ན་ཨར་འདམ་ལམ་ཡོད་པ་དང་། རྐང་པ་བཀྱགས་ན་འགྲུལ་འཁོར་ཡོད་པའི”ཉིན་མོ་བསུས་ཡོད།

 

 

མིག་སྔར་མཚོ་སྔོན་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་མྱུར་བགྲོད(རིམ་པ་དང་པོ་ཚུད་པ)གཞུང་ལམ་སྤྱི་ལེ་5062ཟིན་པ་དང་ལོ་གཉིས་ཀྱི་སྔ་སྣུར་དུ་མྱུར་བགྲོད་གཞུང་ལམ་སྤྱི་ལེ་5000གི“ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱུང་བ་དང་།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་34ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤར་གཏོང་ཐུབ་པའི་བསྡུར་ཚད་76%ཟིན་པ། མཚོ་ནུབ་དང་མཚོ་བྱང་ཁུལ་གཉིས་ཀྱིས་བོད་འབྲེལ་ས་ཁུལ་ཁྲོད་དང་ཐོག་མར་རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་ཡོད་པ་རེད།    

 

 

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མཚོ་བོད་ས་མཐོའི་ལོ་མང་གི་འཁྱགས་སའི་ཁུལ་གྱི་ས་བབ་མཐོ་བ་དང་མཐོ་གྲང་གི་མྱུར་བགྲོད་གཞུང་ལམ་ཏེ་གུང་ཧོ་ནས་ཡུལ་ཤུལ་བར་གྱི་གཞུང་ལམ་དང་།    དེ་བཞིན་མཚོ་སྔོན་གྱི་བརྒལ་ཐག་ཆེ་བའི་ཟམ་པ་དང་པོ་སྟེ་ཧའེ་ཧོང་ཟམ་ཆེན་(མཚོ་ཤར་ནས་རྨ་ལྷོ་བར)སོགས་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་བསྐྲུན་ནས་མཚོ་སྔོན་གྱི་འགྲིམ་འགྲུལ་གྱི་རྣམ་པ་གསར་རྐྱང་ཟམ་མི་ཆད་པར་གཏོད་བཞིན་ཡོད་པ་རེད།    

མཚོ་སྔོན་གྱིས་གསར་དུ་ལེགས་སྒྲིག་བྱེད་པའི་འཆར་འགོད་ལམ་དྲའི་ཁྲོད་ནུས་ཤུགས་ཡོད་རྒུས་གཙང་གསུམ་འབྱུང་ཡུལ་དང་།    མཚོ་སྔོན་པོ།    མདོ་ལ་རི་བོ་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་ལས་གཡོལ་ནས་འབྱུང་ཁམས་ལམ་ཐིག་དང་ས་དབྱིབས་ལམ་ཐིག ས་གཤིས་ལམ་ཐིག་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་བྱེད་བཞིན་ཡོད་པ་རེད།    

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། རྡོ་ཐར།

中央广播电视总台 央广网 版权所有

ལོ་75རིང་མཚོ་སྔོན་གྱི་འགྲིམ་འགྲུལ་ལ་འཕེལ་རྒྱས་འདི་འདྲ་བྱུང་།

མཚོ་སྔོན་པོ། མདོ་ལ་རི་བོ་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་ལས་གཡོལ་ནས་འབྱུང་ཁམས་ལམ་ཐིག་དང་ས་དབྱིབས་ལམ་ཐིག ས་གཤིས་ལམ་ཐིག་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་བྱེད་བཞིན་ཡོད་པ་རེད།