ལི་དབྱིའི་མཐའ་མཚམས་སུ་ཉིན་21དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན། ཨ་རིའི་ཕོ་བྲང་དཀར་པོས་དེའི་གཞུང་ཕྱོགས་དྲ་བའི་ཐོག་རྩོམ་ཡིག་སྤེལ་ནས། ཨ་རི་དང་ཧྥ་རན་སི་སོགས་རྒྱལ་ཁབ་དང་སྒྲིག་འཛུགས་12ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ་ལི་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་འཕྲལ་དུ་ཉིན་21དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས་ཡོད་ཅེས་བརྗོད་ཡོད།
མཉམ་འབྲེལ་གསལ་བསྒྲགས་ནང་། ལི་པ་ནོན་དང་དབྱི་སི་རལ་ཕྱོགས་གཉིས་པོའི་དབར་ཉེ་དུས་བྱུང་བའི་གདོང་ཐུག་ནི“བཟོད་སྒོམ་བྱེད་ཐབས་བྲལ་བ་མ་ཟད། དེ་བས་རྒྱ་ཆེ་བའི་ས་ཁོངས་སུ་ཤུགས་ཇེ་ཆེར་འགྲོ་བའི་དང་ལེན་བྱེད་ཐབས་བྲལ་བའི་ཉེན་ཁའང་འཕྲད་ཡོད”ཅེས་འཁོད་ཡོད་པ་རེད། གསལ་བསྒྲགས་ནང་ལི་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་འཕྲལ་དུ་ཉིན་21དམག་རྒྱག་མཚམས་བཞག་ནས་ཕྱི་འབྲེལ་ལ་བར་མཐོངས་མཁོ་འདོན་བྱ་རྒྱུའི་རེ་འབོད་བྱས་ཡོད། གསལ་བསྒྲགས་ནང་ད་དུང་དབྱི་སི་རལ་དང་ལི་པ་ནོན་སྲིད་གཞུང་ཚུད་པའི་ཕྱོགས་ཁག་གིས་དམག་མཚམས་འཇོག་རྒྱུར་འཕྲལ་དུ་རྒྱབ་སྐྱོར་བྱ་རྒྱུའི་རེ་འབོད་ཀྱང་བྱས་ཡོད་པ་རེད།