ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་ཀྱི་ལས་སྒོ་འདིའི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་2པར་སླེབས།

2024-09-27 17:21:00     责编:卓玛才让

     སྤྱི་ཚེས་26ཉིན་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཐོག་འབྲེལ་ཡོད་འགན་ཁུར་བས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དེ་སྤྱི་ལོ་2012ལོའི་ཁྲི་284.32ནས་སྤྱི་ལོ་2023ལོའི་ཁྲི་2192.03བར་འཕར་ནས་ལོ་རེར་ཆ་སྙོམས་20.4%འཕར་བ། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་དེ་སྤྱི་ལོ་2012ལོའི་སྒོར་དུང་ཕྱུར་1.18ནས་སྤྱི་ལོ་2023ལོའི་སྒོར་དུང་ཕྱུར་6.09བར་འཕར་ནས་ལོ་རེར་ཆ་སྙོམས་16.1%འཕར་ཡོད་པ་རེད། བོད་ལྗོངས་ཀྱི་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ཀྱི་མྱུར་ཚད་དེ་དུས་མཚུངས་ཀྱི་དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་ཡོད་ལ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱི་ལོ་2023ལོར་བོད་ལྗོངས་ཀྱི་མྱུར་སྐྱེལ་ལས་སྒོའི་འཕར་ཚད་དུས་མཚུངས་ལས་79.8%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ། ལས་སྒོའི་ཡོང་འབབ་35.8%འཕར་བ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་ལྔ་པར་སླེབས་ཡོད་པ་རེད།

     2023ལོར་མྱུར་སྐྱེལ་ལས་རིགས་ཀྱིས་བོད་ཟོག་བོད་ནས་ཕྱིར་གཏོང་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་ཞིང་ལས་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་གི་རིན་ཐང་སྒོར་དུང་ཕྱུར་21.77ཟིན་ཡོད།

     ལྷག་པར་དུ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཞབས་འདེགས་ཞུ་རིང་མྱུར་སྐྱེལ་ལས་རིགས་ཀྱིས“བོད་ཟོག་བོད་ནས་འདོན་རྒྱུར”སྐུལ་འདེད་བཏང་བ་དང་། ཞིང་ལས་དང་དམིགས་བསལ་ཐོན་རྫས་ཕྱིར་ཚོང་གི་རིན་ཐང་སྒོར་དུང་ཕྱུར་བཅུ་ལྷག་ཙམ་ཟིན་རྒྱུར་སྐུལ་ཁྲིད་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད་པ་རེད།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་ལས་སྒོ་འདིའི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་2པར་སླེབས།

སྤྱི་ཚེས་26ཉིན་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ”