སློབ་ཆེན་འདིའི་དགེ་རྒན་ཆེ་མོ་ཞིག་གིས་སློབ་མར་འཆལ་སྤྱོད་སྤེལ་བས་་་་་་
ཟླ་7ཚེས་21ཉིན་དྲ་ཐོག་ཏུ་བརྒྱུད་སྤེལ་བྱས་པའི་བརྙན་ལམ་ཞིག་ལས་མངོན་པར། ཀྲུང་གོ་མི་དམངས་སློབ་ཆེན་གྱི་རྩོམ་རིག་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཞིག་གིས་དངོས་མིང་ཐོག་ནས་མཛུབ་ཁྲིད་དགེ་རྒན་གྱིས་རང་ཉིད་ལ་བཙན་ཐབས་ཀྱིས་འཆལ་སྤྱོད་སྤེལ་བྱུང་ཞེས་ཐེར་འདོན་བྱས་ཡོད། འབྲེལ་ཡོད་གནས་ཚུལ་ལ་འཕྲལ་མར་དྲ་ཐོག་ཏུ་དོ་ཁུར་བྱེད་མཁན་མང་པོ་བྱུང་བ་དང་། ཚེས་22ཉིན། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་གནས་ཚུལ་བརྡ་ཁྱབ་བཏང་ཡོད།
ཀྲུང་གོ་མི་དམངས་སློབ་ཆེན་གྱི་གཞུང་ཕྱོགས་ནས་སྤེལ་བའི་གསལ་བསྒྲགས།
བརྟག་དཔྱད་བྱས་པ་བརྒྱུད། ཐེར་འདོན་བྱས་པའི་གནས་ཚུལ་དོན་དངོས་ཡིན་པ་དང་། ཝང་ཆེ་གེ་མོས་དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་བསམ་འདུན་དང་ལས་འགན་རྒྱབ་སྐྱུར་ཚབས་ཆེན་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་དང་སློབ་གྲྭའི་སྒྲིག་སྲོལ། དེ་བཞིན་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་བཅས་དང་ཚབས་ཆེན་འགལ་ཡོད།
ཞིབ་འཇུག་བྱས་པ་བརྒྱུད། ཝང་ཆེ་གེ་མོ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུ་དང་། ཁོ་པའི་དགེ་རྒན་ཆེ་མོའི་གོ་མིང་མེད་པར་བཟོ་རྒྱུ། ཞིབ་འཇུག་སློབ་མའི་མཛུབ་ཁྲིད་དགེ་རྒན་གྱི་ཐོབ་ཐང་མེད་པར་བཟོ་རྒྱུ། ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་རྒན་གྱི་ལས་གནས་དང་འགན་འཛིན་ཐོབ་ཐང་མེད་པར་བཟོ་རྒྱུ། གདན་ཞུས་བཀོལ་སྤྱོད་ཀྱི་འབྲེལ་བ་མེད་པར་བཟོ་རྒྱུ་བཅས་ཀྱི་ཐག་བཅད་ཡོད། དེ་དང་ཆབས་ཅིག གོང་རིམ་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་ཁོ་པའི་དགེ་རྒན་གྱི་ཐོབ་ཐང་མེད་པ་བཟོ་རྒྱུའི་སྙན་སེང་ཞུས་པ་མ་ཟད། གནད་དོན་གྱི་ཁུངས་སྣེ་ཁྲིམས་ལྟར་འབྲེལ་ཡོད་ལས་ཁུངས་ལ་སྙན་སེང་ཞུ་རྒྱུ་ཡིན་པ་རེད།
གྱོད་འབྲེལ་དགེ་རྒན་ཆེ་མོ་ཝང་ཆེ་གེ་མོ།