གཅེས་ཉར་སྲོག་ཆཊ་ཐད་གཏོང་བརྒྱུད་ཚབ་ཉོ་བྱེད་པའི་རྒྱབ་ཕྱོཊ་སུ་་་་་་
གསར་འགོད་པས་ཅང་སུའུ་ཕི་རྫོང་གི་གཅེས་ཉར་སྲོག་ཆགས་ཁྲོམ་རར་ལྟ་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བར་གཞིགས་ན། ཚབ་ཉོ་བརྒྱུད་བཙོངས་པའི་གཅེས་ཉར་སྲོག་ཆགས་དེ་དག་ཉིན་ལྟར་ས་སྲོད་དུ་སྐྱེལ་འདྲེན་ཚོང་པས་རླུང་འགྲོ་མི་ཐུབ་པའི་རླངས་འཁོར་ནང་བླུགས་ནས་བརྒྱུད་སྤྲོད་ས་ཚིགས་སུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་། དེ་ནས་སྐྱེལ་སའི་ས་གནས་ཀྱི་ཐག་ཉེ་རིང་ལ་གཞིགས་ནས་སྐྱེལ་འདྲེན་བྱེད་སྟངས་མི་འདྲ་བ་བདམས་ནས་རྒྱལ་ཡོངས་ས་གནས་ཁག་ཏུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད།
རླངས་འཁོར་ཁ་ལོ་བས། གཅེས་ཉར་སྲོག་ཆགས་དེ་དག་ལ་ལམ་བར་དུ་ཆུ་མ་གཏོགས་ཟས་སྟེར་གྱི་མེད་ཅེས་བརྗོད་ཡོད་པ་རེད། ཐག་རིང་རླངས་འཁོར་འབབ་ཚུགས་ཡིན་ནའང་འདྲ་ཡང་ན་ཚོང་ཟོག་ཙག་ཙིག་སྡེབ་ཚོང་ཁྲོམ་ར་ཡིན་ནའང་འདྲ། ཚང་མས་ལྐོག་ལྐོག་སུད་སུད་ངང་སྲོག་ཆགས་དེ་དག་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད། སྐྱེལ་འདྲེན་བྱེད་པའི་གཅེས་ཉར་སྲོག་ཆགས་ལ་རིམས་ནད་ཞིབ་བཤེར་གྱི་སྙན་ཞུ་ཕུལ་མེད་ལ་རིམས་ནད་ཞིབ་བཤེར་གྱི་དཔང་ཡིག་ཀྱང་མེད་པས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་འགོག་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་གྱི་མེད། གཅེས་ཉར་སྲོག་ཆགས་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བས་སྒྲིག་འགལ་ཡིན་པ་ཤེས་བཞིན་དུ་ལྟ་སྐུལ་དོ་དམ་ལས་གཡོལ་ཆེད་ཚང་མ་མཚན་མོ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
སྒྲིག་སྒྱུར། ལྷ་སྟག་འཚོ།