ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཤ་སྐམ་དུ་གཏོང་བའི་སྨན་གང་བྱུང་བཟས་ན་ཚེ་སྲོག་ལ་ཉེན་ཁ་ཆེ།

2024-05-16 09:10:00     责编:卓玛才让

     ཉེ་དུས། ཨན་ཧུའེ་ཧོང་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་དུག་གཤིས་ལྡན་ལ་གནོད་པ་ཆེ་བའི་ཟས་རིགས་ཐོན་སྐྱེད་བྲིན་འཚོང་གི་གྱོད་གཞི་ཞིག་བརྡ་ཁྱབ་བཏང་བ་དང་། དུས་ཡུན་ལོ་ཕྱེད་ཙམ་བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་ཕྱོགས་ནས་དུག་གཤིས་ལྡན་ལ་གནོད་པ་ཆེ་བའི་ཤ་སྐམ་དུ་གཏོང་བའི་སྨན་སྤྱིན་ཐུམ་རིལ་བུ་ཁྲི་5ལྷག་ཙམ་བཙན་ཉར་བྱས་པ་དང་། ཐོན་སྐྱེད་ཁུལ་གཉིས་གཏོར་ཕམ་བཏང་བ། གྱོད་འབྲེལ་དངུལ་སྒོར་ཁྲི་1000ལས་བརྒལ་འདུག

     སྤྱི་ལོ་2023ལོའི་ཟླ་9པའི་ཟླ་མཇུག་ཏུ། ཧོང་ཧྲན་གྲོང་ཁྱེར་གྱི་གྲོང་མི་ཝུའུ་ཆེ་གེ་མོས་དྲ་ཐོག་ནས་ཤ་སྐམ་དུ་གཏོང་བའི་སྨན་ཉོས་པ་དང་། ཉིན་གསུམ་བཟས་རྗེས་སེམས་འཚབ་པ་སོགས་ནད་རྟགས་ཐོན་པས་འཕྲལ་མར་ཉེན་རྟོག་པར་སྙན་སེང་ཞུས་ཡོད།

     མི་དམངས་ཉེན་རྟོག་པས་གྲོང་མི་ཝུའུ་ཆེ་གེ་མོས་མཁོ་འདོན་བྱས་པའི་སྨན་དེར་ཟས་རིགས་བདེ་འཇགས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། སྨན་དེའི་ནང་རྒྱལ་ཁབ་ནས་གཏན་འགོག་བྱས་པའི་ཞི་པུ་ཆུས་མིང་ཟེར་བ་འདུས་ཡོད་པ་དང་། གང་དེ་ནི་དུག་གཤིས་ལྡན་ལ་གཟུགས་པོར་གནོད་པའི་ཟས་རིགས་མིན་པའི་རྒྱུ་ཆའི་ཁོངས་སུ་གཏོགས་པས་འཕྲལ་མར་གྱོད་དོན་རྩད་གཅོད་ཚོགས་ཆུང་བཙུགས་ཏེ་ཆེད་དོན་བརྟག་དཔྱད་བྱས་ཡོད།

     དུས་ཡུན་ལོ་ཕྱེད་ཙམ་བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ཀོང་ཏུང་དང་། ཧྥུའུ་ཅན། ཀན་སུའུ། ཧོ་པེ་སོགས་ཞིང་ཆེན་དྲུག་ཏུ་བསྐྱོད་དེ་ཉེས་བསགས་དོགས་ཡོད་པ་འཛིན་བཟུང་བྱས་ཡོད། ད་ལོའི་ཟླ་3པར། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཉེས་བསགས་དོགས་ཡོད་པ་མཇུག་ཤོས་དེ་ཧོ་པེ་ཧན་ཏན་ནས་འཛིན་བཟུང་ཐུབ་པ་དང་བསྟུན། དུག་གཤིས་ལྡན་ལ་གནོད་པ་ཆེ་བའི་ཟས་རིགས་ཐོན་སྐྱེད་བྲིན་འཚོང་གི་གྱོད་གཞི་དེའི་ཉེས་བསགས་དོགས་ཡོད་པ་ཚང་མ་འཛིན་བཟུང་ཐུབ་ཡོད་པ་རེད།

     ཧོང་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུད་ཐུན་ཞི་ཡན་ལག་ཅུད་བདེ་འཇགས་བཅོས་སྐྱོང་དོ་དམ་རུ་ཆེན་གྱིས་སྔ་རྗེས་སུ་ཉེས་བསགས་དོགས་ཡོད་པ་8འཛིན་བཟུང་བྱས་པ་དང་། ཐོན་སྐྱེད་ཁུལ་གཉིས་གཏོར་ཕམ་བཏང་བ། དུག་གཤིས་ལྡན་ལ་གཟུགས་པོར་གནོད་པའི་ཤ་སྐམ་དུ་གཏོང་བའི་སྨན་སྤྱིན་ཐུམ་རིལ་བུ་ཁྲི་5ལྷག་བཙན་ཉར་བྱས་ཤིང་། རིམ་རྩིས་བྱས་ན། བྲིན་འཚོང་བྱས་པའི་དངུལ་གྲངས་ཁྱོན་བསྡོམས་ཁྲི་1000ལས་བརྒལ་ཡོད་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། ཞི་པུ་ཆུས་མིང་ཟེར་བའི་སྨན་རྒྱུ་དེ་ནི་དབང་རྩའི་ནད་ཀྱི་སྨན་ཞིག་ཡིན་ཞིང་། ཡུན་རིང་བཟས་ན་ཟས་ཀྱི་དང་ག་ཉམས་པ་དང་། ཁ་སྐམ་པ། གཉིད་ཡེར་བ། སྙིང་འཕར་མགྱོགས་པ། ཐ་ན་སྙིང་གི་ནུས་པ་ཉམས་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་པས། སྤྱི་ལོ་2010ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་རྒྱུ་ཆ་དེ་འདུས་པའི་སྨན་བཟོ་མི་ཆོག་པ་གཏན་འབེབས་བྱས་ཡོད།

     ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར། དྲ་ཐོག་ནས་བྲིན་འཚོང་བྱེད་པའི་ཤ་སྐམ་དུ་གཏོང་བའི་སྨན་གང་བྱུང་ཉོ་རྒྱུ་མེད་ལ། གལ་ཏེ་ཁྱེད་རང་གིས་ཉོས་པའི་ཤ་སྐམ་དུ་གཏོང་བའི་ཐོན་རྫས་ལ་གནད་དོན་ཡོད་ཚེ། དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།

中央广播电视总台 央广网 版权所有

ཤ་སྐམ་དུ་གཏོང་བའི་སྨན་གང་བྱུང་བཟས་ན་ཚེ་སྲོག་ལ་ཉེན་ཁ་ཆེ།

མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ཀོང་ཏུང་དང་། ཧྥུའུ་ཅན། ཀན་སུའུ། ཧོ་པེ་སོགས་ཞིང་ཆེན་དྲུག་ཏུ་བསྐྱོད་དེ་ཉེས་བསགས་དོགས་ཡོད་པ་འཛིན་བཟུང་བྱས་ཡོད།