ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་ཀྱི་ལས་གྲྭ་དེར་དོན་སྙིང་ཆེན་པོ་ལྡན་འདུག

2024-05-15 14:49:00     责编:卓玛才让

     སྤྱི་ལོ་2024ལོའི་ཟླ་5ཚེས་14ཉིན“གློག་ཤུགས་མཁའ་ལམ”སྟེ་མཚོ་བོད་དྲ་སྦྲེལ་ལས་གྲྭའི་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།

     མཚོ་བོད་དྲ་སྦྲེལ་ལས་གྲྭའི་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་དེ་སྤྱི་ལོ་2024ལོའི་ཟླ་2པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཞིབ་མཆན་ཐོབ་པ་བརྒྱུད་ཁྱོན་མ་དངུལ་སྒོར་དུང་ཕྱུར་26.03བཏང་ཞིང་། དེའི་ནང་ན་གོར་མོའི་ཆན་ཧྥུའུ་±400ཡི་གློག་རྒྱུན་བརྗེ་རེས་ས་ཚིགས་རྒྱས་སྐྲུན་ལས་གྲྭ་དང་། ལྷ་སའི་ཆན་ཧྥུའུ་±400ཡི་གློག་རྒྱུན་བརྗེ་རེས་ས་ཚིགས་རྒྱས་སྐྲུན་ལས་གྲྭ། ལྷ་སའི་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚིགས་རྒྱས་སྐྲུན་ལས་གྲྭ། དེ་བཞིན་ལེ་ལག་ཆ་ཚང་བའི་ཆན་ཧྥུའུ་220ཡི་གློག་འདྲེན་སྐུད་ལམ་ལས་གྲྭ། གློག་ཤུགས་སྙོམ་སྒྲིག་ལས་གྲྭ་སོགས་ལས་གྲྭ་རྐྱང་པ་9ཚུད་ཡོད་པ་རེད།

     མཚོ་བོད་དྲ་སྦྲེལ་ལས་གྲྭའི་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་ནི་རྒྱལ་ཡོངས་ཀྱི་ཐད་རྒྱུག་བརྗེ་རེས་ས་ཚིགས་སུ་སྤེལ་བའི་རྒྱས་སྐྲུན་ལས་གྲྭ་ཐོག་མ་དེ་ཡིན་པ་དང་། ས་བབ་མཐོ་ཤོས་སྨི་4511ཟིན་པ་དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲ་ཧྲི་ཏུའུ་གྲངས་41.2ཟིན་པས་རང་བྱུང་ཁོར་ཡུག་རྙོག་འཛིང་ཆེ་བ་དང་འཛུགས་སྐྲུན་གྱི་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པ་རེད།

     ལས་གྲྭ་བསྐྲུན་ཟིན་རྗེས་མཚོ་བོད་ཀྱི་ཐད་རྒྱུག་གློག་སྐྱེལ་ཤོང་ཚད་མིག་སྔའི་ཆན་ཝ་ཁྲི་60ནས་ཆན་ཝ་ཁྲི་120བར་མང་དུ་ཕྱིན་ནས་བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མ་རྗེས་མཐུད་ངང་གཞི་ཁྱོན་དེ་བས་ཆེ་བའི་གསར་སྤེལ་བེད་སྤྱོད་བྱ་རྒྱུར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་ལས་གྲྭ་དེར་དོན་སྙིང་ཆེན་པོ་ལྡན་འདུག

གློག་ཤུགས་སྙོམ་སྒྲིག་ལས་གྲྭ་སོགས་ལས་གྲྭ་རྐྱང་པ་9ཚུད་ཡོད་པ་རེད།