ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཧྥ་རན་སེའི་ཙུང་ཐུང་ཟུར་པར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

2023-12-02 10:35:00     责编:娜科

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན།  ཧྥ་རན་སེའི《ཧྥེ་ཅ་ལུའོ་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སེའི་ཙུང་ཐུང་ཟུར་པ་ས་ཁོ་ཆིས་2012ལོའི་འདེམས་བསྐོ་ཆེན་མོའི་རིང་འགྲན་འདེམས་མ་དངུལ་ཁྲིམས་འགལ་ངང་སྤྱད་པའི་གྱོད་གཞིའི་གོང་གཏུག་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ལོ་གཅིག་གི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་དུས་འགྱངས་ལག་བསྟར་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 


 

2021ལོའི་ཟླ་9པར། ཕ་རི་སིའི་ཁྲིམས་ཁང་ཞིག་གིས་ས་ཁོ་ཆིས་2012ལོའི་འདེམས་བསྐོ་ཆེན་མོའི་རིང་འགྲན་འདེམས་མ་དངུལ་ཁྲིམས་འགལ་ངང་སྤྱད་པའི་ཉེས་མིང་གྲུབ་པ་དང་ལོ་གཅིག་གི་དུས་བཀག་བཙོན་འཇུག་བྱ་རྒྱུ་ཡིན་ཞིང་།  ཁྱིམ་དུ་གློག་རྡུལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་བཏགས་ནས་ཁྲིམས་ཆད་འཁུར་ཆོག་པའི་ཁྲིམས་ཐག་བཅད་ཡོད། ས་ཁོ་ཆིས་དེ་རྗེས་གོང་གཏུག་བྱས་པ་རེད།  

ས་ཁོ་ཆིས་2007ལོ་ནས་2012ལོའི་བར་ཧྥ་རན་སེའི་ཙུང་ཐུང་གི་འགན་འཁུར་བ་དང་། ཉེ་བའི་ལོ་ཤས་རིང་ཁྲིམས་འཛིན་ཞུ་གཏུག་མང་དག་ཅིག་གི་ནང་ཚུད་ཡོད། 2021ལོའི་ཟླ་3པར། ཕ་རི་སིའི་ཉེས་པ་ཡང་བའི་ཁྲིམས་ཁང་གིས་ས་ཁོ་ཆིའི “རུལ་སུངས”དང“དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པའི”ཉེས་མིང་གཏན་འཁེལ་བྱ་རྒྱུའི་ཁྲུན་ཐག་བཅད་པ་དང་།  ལོ་གསུམ་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད་ཡོད། དེའི་ནང་ལོ་གཅིག་གི་ཁྲིམས་ཆད་དངོས་འཁུར་དགོས་པ་ཚུད་ཡོད། ཕ་རི་སིའི་གོང་གཏུག་ཁྲིམས་ཁང་གིས་ད་ལོའི་ཟླ་5ཚེས་17ཉིན་ཁྲིམས་བཅད་སོར་འཇོག་བྱ་རྒྱུའི་ཁྲུན་ཐག་བཅད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། ལྷ་སྟག་མཚོ། 

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

ཧྥ་རན་སེའི་ཙུང་ཐུང་ཟུར་པར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

ཕ་རི་སིའི་གོང་གཏུག་ཁྲིམས་ཁང་གིས་ད་ལོའི་ཟླ་5ཚེས་17ཉིན་ཁྲིམས་བཅད་སོར་འཇོག་བྱ་རྒྱུའི་ཁྲུན་ཐག་བཅད་པ་རེད།