ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སུན་ཡོན་ལེའང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་བྱས་འདུག

2023-12-02 10:34:00     责编:娜科

2023ལོའི་ཟླ་11ཚེས་30ཉིན། ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས། ལིའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་སུན་ཡོན་ལེའང་གིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་བྱས་པ་རེད།

 

 

ཁྲེང་ཏེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྐྱོན་འདོན་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་སུན་ཡོན་ལེའང་གིས་ལིའོ་ཉིང་ཞིང་ཆེན་ལིའོ་དབྱང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགོ་འཛིན། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལིའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར་བའི་ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་ས་ཞིང་བསྡུ་ལེན་དང་དངུལ་བུན་ལེན་པ། གོ་གནས་ལེགས་སྒྲིག་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་ཏེ། ཐད་ཀར་རམ་ཡང་ན་ཁོ་རང་གི་གཉེན་ཉེ་བརྒྱུད་དེ་ཁྲིམས་འགལ་གྱིས་རྒྱུ་ནོར་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.59ལྷག་ཟིན་ཡོད། སུན་ཡོན་ལེའང་གིས་ལས་འཁྱུར་ངལ་གསོ་མ་བྱས་གོང་ལིའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བ་སོགས་ཀྱི་འགན་དབང་ངམ་ཡང་ན་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་དག་གི་གོ་གནས་ཐོག་གི་བྱ་སྤྱོད་ལ་བརྟེན་ནས་འབྲེལ་ཡོད་ལས་ཁུངས་ལ་ཀུང་སིའི་གཉེར་སྐྱོང་སོགས་ཐད་རོགས་རམ་བྱས་པ་དང་། ཐད་ཀར་རམ་ཡང་ན་ཁོ་རང་གི་བུ་བརྒྱུད་དེ་ཁྲིམས་འགལ་ངང་རྒྱུ་ནོར་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་2816ལྷག་ཟིན་ཡོད་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཐོག་ནས་སུན་ཡོན་ལེའང་གི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་རེ་ཞུ་བྱས་པ་རེད།

ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་སུན་ཡོན་ལེའང་དང་དེའི་དག་འབུད་བྱེད་མཁན་གྱིས་ངོ་ཐུག་ར་སྤྲོད་བྱས་པ་རེད། གཏུག་རྩོད་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ་དང་། སུན་ཡོན་ལེའང་གིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད་ཁྲིམས་སར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད། ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་མཐར། ཁྲིམས་ཁང་གིས་ཁྲིམས་ར་འཚོགས་མཚམས་འཇོག་རྒྱུ་དང་། དུས་ཚོད་བདམས་ནས་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བསྒྲགས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། ཚེ་རྡོར། 

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

སུན་ཡོན་ལེའང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་བྱས་འདུག

ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་སུན་ཡོན་ལེའང་དང་དེའི་དག་འབུད་བྱེད་མཁན་གྱིས