ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཆོས་དབྱིངས་སྐྱིད་ལ་ཐོབ་ཐང་གསར་པ་ཞིག་བསྩལ་འདུག

2023-11-30 11:08:00     责编:桑吉卓玛

ཆོས་དབྱིངས་སྐྱིད་ལ་ཐོབ་ཐང་གསར་པ་ཞིག་བསྩལ་འདུག


       ཉེ་ཆར། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་གཞོགས་འདེགས་ཧུར་ཐག་འོག ཀྲུང་གོ་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་རུ་མི་དང་། ལུན་ཏུན་ཨོ་རྩལ་འགྲན་ཚོགས་དང་། ཧང་ཀྲོའུ་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་རོགས་སྐྱོར་དྲིལ་བསྒྲགས་ཁྱབ་གདལ་གྱི་ཕོ་ཉའི་འགན་བཞེས་ཡོད།

       གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་རོགས་སྐྱོར་ལས་དོན་དེ་དམངས་འཚོའི་ལས་གཞི་ཞིག་ཡིན་པའི་ངོས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མཚོན་ཡོད་པ་དང་། དེ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

       སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་རོགས་སྐྱོར་གྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཏང་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཡིན་ལ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡང་ཡིན། ད་ཆ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་འཕྲད་པའི་གནད་དོན་ནི་དྲིལ་བསྒྲགས་ཁྱབ་གདལ་བྱེད་ཤུགས་མི་འདང་བ་དང་། མང་ཚོགས་ཀྱིས་རྒྱུས་ལོན་བྱེད་ཚད་དམའ་བ། ཤུགས་རྐྱེན་ཐེབས་ཤུགས་ཆུང་བ་བཅས་རེད།

       ཆོས་དབྱིངས་སྐྱིད་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་རོགས་སྐྱོར་དྲིལ་བསྒྲགས་ཁྱབ་གདལ་གྱི་ཕོ་ཉ་རུ་གདན་དྲངས་པ་དེ་ནི་སྤྱི་ཚོགས་ཁྲོད་མཚན་སྙན་མཐོ་བའི་མི་སྣས་དྲིལ་བསྒྲགས་ལས་དོན་ཁྲོད་སྣེ་ཁྲིད་དང་། དཔེ་སྟོན། སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་བས་ལེགས་པོ་བྱེད་པ་དང་། དམངས་ཡོངས་ཀྱིས་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བར་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་ཡོངས་ལ་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱ་རྒྱུ་དང་། དྲིལ་བསྒྲགས་བརྒྱུད། མི་སྔར་བས་མང་བར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་བཅའ་ཁྲིམས་རོགས་སྐྱོར་ལ་རྒྱུས་ལོན་བྱེད་དུ་བཅུག་ནས། ཁོང་ཚོའི་བཅའ་ཁྲིམས་ཀྱི་དགོས་མཁོ་དུས་ཐོག་ཏུ་སྐོང་ཆེད་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། སྒྲོལ་མ་སྐྱབས།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

ཆོས་དབྱིངས་སྐྱིད་ལ་ཐོབ་ཐང་གསར་པ་ཞིག་བསྩལ་འདུག

ཉེ་ཆར། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་གཞོགས་འདེགས་ཧུར་ཐག་འོག ཀྲུང་གོ་རྒྱལ་ཁབ་མཆོང་རྒྱུག་འཕེན་གས