ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བྱིས་པ་བསླུ་འཚོང་བྱེད་མཁན་དེར་འདྲི་གཅོད་བྱས་འདུག

2023-11-30 11:07:00     责编:桑吉卓玛

བྱིས་པ་བསླུ་འཚོང་བྱེད་མཁན་དེར་འདྲི་གཅོད་བྱས་འདུག

       2023ལོའི་ཟླ་11ཚེས་28ཉིན། ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཡོངས་བསྒྲགས་ཐོག་ཁྲིམས་ར་འཚོགས་ནས་གོང་གཏུག་བྱེད་མཁན་ཡུས་ཧྭ་དབྱིང་གིས་བྱིས་པ་བསླུ་འཚོང་བྱས་པའི་གྱོད་གཞིར་འདྲི་ཞིབ་བྱས་པ་རེད། 

       2023ལོའི་ཟླ་9ཚེས་12ཉིན། ཀུའེ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་དོན་འདིར་འདྲི་གཅོད་དང་པོའི་དཔྱད་མཚམས་བཏང་བ་སྟེ། ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིང་གིས་1993ལོ་ནས་1996ལོའི་བར་དུ་ཀུང་ཞན་ལེའང་(གྲོངས་ཟིན)དང་མཉམ་དུ་ཁྲིམས་འགལ་ངང་བྱིས་པ་11ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་དུ་བསླུ་འཚོང་བྱས་པས། ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིང་ལ་བྱིས་པ་བསླུ་འཚོང་བྱས་པའི་ཉེས་མིང་ཐོག་ནས་སྲོག་ཁྲིམས་གཅོད་རྒྱུ་དང་། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བཏང་ཡོད། ཞོར་འབྲེལ་དམངས་དོན་གཏུག་བཤེར་ཞུ་སྦྱོར་སྔ་མ་ལི་སུའུ་ཡན་དང་། ཀྲང་ཞའོ་ཧྥེང་། ཧོའུ་ཐུང་ཐུང་བཅས་ལ་དཔལ་འབྱོར་གྱི་གྱོང་གུན་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ཁྲི་དགུ་ཙམ་སྐྱིན་ཚབ་འཇལ་རྒྱུའི་ཁྲིམས་ཐག་བཅོད་ཡོད། ཞུ་སྦྱོར་ཕྱི་མ་ཡུས་ཧྭ་དབྱིང་དང་ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཞུ་སྦྱོར་སྔ་མ་ལི་སུའུ་ཡན་དང་ཀྲང་ཞའོ་ཧྥེང་ནས་མཇུག་འབྲས་དེར་ཁས་མ་བླངས་པར་ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་བྱས་པ་རེད།

 

 

       འདྲི་གཅོད་གཉིས་པའི་ཁྲིམས་ར་འཚོགས་སྐབས། ཡུས་ཧྭ་དབྱིང་གིས་འདྲི་གཅོད་དང་པོར་ཁྲིམས་ཐག་བཅད་པའི་བྱིས་པ་བཅུ་གཅིག་བསླུ་འཚོང་བྱས་པའི་ཉེས་གསོག་དོན་དངོས་ལ་བསམ་འཆར་མི་མཐུན་པ་མེད་པས་ཁྲིམས་རར་རང་ཉེས་ངོས་ལེན་བྱས་པ་དང་། ཉེས་ཆད་གཅོད་ཚད་ལྕི་དྲགས་པ་རྒྱུ་མཚན་དུ་བྱས་ཏེ་གོང་གཏུག་བྱས་ཡོད། དེའི་དག་འབུད་མཁན་གྱིས་ཡུས་ཧྭ་དབྱིང་གིས་སྦ་གསང་ཟོལ་མེད་ངང་ནག་ཉེས་ངོས་ལེན་ཞུས་པས་ཉེས་ཆད་ཡང་བཟོས་གཏོང་བའི་རེ་ཞུ་བཏོན་ཡོད། ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཚབ་བྱེད་མི་སྣས་ཞོར་འབྲེལ་དམངས་དོན་ཆ་ཤས་ཀྱི་གུན་གསབ་དངུལ་གྲངས་ཉུང་དྲགས་པ་རྒྱུ་མཚན་དུ་བྱས་ནས་གོང་གཏུག་བྱས་ཡོད། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་རར་ཞུགས་པའི་ཞིབ་དཔྱོད་པས་འདྲི་གཅོད་དང་པོའི་དཔྱད་མཚམས་ནང་གཏན་འཁེལ་བྱས་པའི་དོན་དངོས་ཁ་གསལ་བ་དང་། དཔང་རྟགས་ཁུངས་བཙན་པ། ཉེས་པ་གཏན་འཁེལ་ཡང་དག་པ། ཉེས་ཚད་འོས་ཤིང་འཚམ་པ། གོ་རིམ་ཁྲིམས་དང་མཐུན་པས། གོང་གཏུག་བྱེད་མཁན་ཡུས་ཧྭ་དབྱིང་གིས་གོང་གཏུག་བྱས་པའི་རྒྱུ་མཚན་ཁུངས་བཙན་མེད་རྐྱེན་ཞུ་གཏུག་ཕྱིར་སློག་གིས་ཐོག་མའི་དཔྱད་མཚམས་སོར་བཞག་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད།

 

 

       གྱོད་དོན་འདི་ཁྲིམས་ལྟར་དུས་ཚོད་གཞན་ཞིག་བདམས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

       ཀུའེ་ཀྲོའུ་རུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོནབཅས་ཁག་གཅིག་དང་། གནོད་འཚེ་ཕོག་མཁན་གྱི་གཉེན་ཉེའི་འཐུས་མི་བཅས་ནས་ཡུལ་དངོས་སུ་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། མཁའ་སྤྱོད་དབང་མོ།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

བྱིས་པ་བསླུ་འཚོང་བྱེད་མཁན་དེར་འདྲི་གཅོད་བྱས་འདུག

2023ལོའི་ཟླ་11ཚེས་28ཉིན། ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཡོངས་བསྒྲགས་ཐོག་ཁྲིམས་ར་འཚོགས་ནས་གོང་གཏུག་བྱེད་མཁན་ཡུས་ཧྭ་དབྱིང་གིས་བྱིས་པ་བསླ