ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀེ་རི་སེའི་ཙུང་ལིས་བརྐུས་པའི་དངོས་པོ་ཕྱིར་སློག་དགོས་པར་གསུངས།

2023-11-30 11:06:00     责编:桑吉卓玛

ཀེ་རི་སེའི་ཙུང་ལིས་བརྐུས་པའི་དངོས་པོ་ཕྱིར་སློག་དགོས་པར་གསུངས།

       ཀེ་རི་སེའི་ཙུང་ལི་མེ་ཙོ་ཐ་ཅི་སེས་སྤྱི་ཟླ་11ཚེས་26ཉིན་དབྱིན་ཇིར་མཚམས་འདྲི་གནང་ཡོད་པ་རེད། ཁོང་གིས་དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་མདོ་འཛིན་པ་ལོན་ལ་ཁུའུ་ཨུན་སི་པོ་ཀིའི་བཅར་འདྲི་དང་ལེན་གནང་སྐབས། ཁོང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁུ་དང་དབྱིན་ཇིའི་ཆེས་ཆེ་བའི་ངོ་རྒོལ་ཏང་གི་གཙོ་འཛིན་སི་ཐཱ་མོ་དང་གྲོལ་མོལ་གནང་སྐབས། དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་གིས་ཀེ་རི་སེའི་ཕ་ཐི་ནུང་ལྷ་ཁང་གི་རྡོ་ཀ་མ་རུའི་བརྐོས་བརྙན་ཕྱིར་སློག་བྱེད་རྒྱུའི་སྐོར་གྱི་གནད་དོན་ལ་གྲོས་སྡུར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

 

 

 

       མེ་ཙོ་ཐ་ཅི་སེས་མིག་སྔར་གནད་དོན་འདི་དང་འབྲེལ་བའི་གྲོས་མོལ་གྱི་འཕེལ་རིམ་ལ་གྲུབ་འབྲས་ཡག་པོ་ཐོབ་མེད། འོན་ཀྱང་ཁོང་ལ་སྙིང་རུས་ཡོད་པ་དང་། ཀེ་རི་སེས་ཀྱང་ལོ་ངོ་200ལྷག་སྒུག་ཡོད་ཅེས་གསུངས་འདུག

       མེ་ཙོ་ཐ་ཅི་སེས་རིག་དངོས་འདི་དག་གི་བདག་པོའི་དབང་ཆར་རྩོད་པ་ཅི་ཡང་མེད་པར། དེ་ཚོ་ནི་ཀེ་རི་སེའི་རིག་དངོས་ཡིན་པ་དང་བརྐུས་ཕྱིན་པ་ཞིག་རེད་ཅེས་གསུངས་འདུག

       ཨ་ཐེན་སེའི་ལྕགས་རི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་5པར་བསྐྲུན་པ་དང་། གནའ་བོའི་ཀེ་རི་སེའི་ཨར་ལས་བཟོ་སྐྲུན་དང་བརྐོས་བརྙན་སྒྱུ་རྩལ་གཅིག་བསྡུས་བྱས་པ་ཞིག་ཡིན་པ་དང་། རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་མིའི་རིགས་ཀྱི་ནོར་བུ་རྩ་ཆེན་ཞིག་ཡིན།

       དུས་རབས་19པའི་དུས་མགོར། དབྱིན་ཇིའི་ཕྱི་འབྲེལ་དཔོན་ཐོ་མ་སི་པུ་ལུའུ་སེས་ཨོ་སི་མན་བཙན་རྒྱལ་གྱི་དབང་སྒྱུར་འོག་ཏུ་གནས་པའི་ཀེ་རི་སེ་ནས་སྲིད་གཞུང་གི་ཆོག་མཆན་ཐོབ་ཡོད་ཟེར་བཞིན་ཕ་ཐེ་ནུང་ལྷ་ཁང་དང་ཐ་ན་ཨ་ཐེན་སེའི་ལྕགས་རིའི་རྡོ་ཀ་མ་རུའི་རྩིག་རྒྱན་དང་བརྐོས་བརྙན་མང་པོ་ཞིག་གཏུབ་རྗེས་དབྱིན་ཇིར་དབོར་ཡོད། དེའི་རྗེས་སུ་དབྱིན་ཇི་སྲིད་གཞུང་གིས་རྡོ་བརྐོས་དེ་དག་ཉོས་ནས་དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་གི་བཤམས་རྫས་སུ་བརྩིས་ནས་འགྲེམ་སྟོན་བྱས་ཡོད།

       ཀེ་རི་སེས་དུས་ཡུན་རིང་པོར་དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་ལ་སྤྱི་ལོ་1816ལོ་ནས་ཉར་ཚགས་བྱས་པའི་རྡོ་ཀ་མ་རུའི་བརྐོས་བརྙན་དག་ཕྱིར་སློག་དགོས་པའི་འབོད་སྐུལ་བཏང་མོད། འོན་ཀྱང་དབྱིན་ཇི་ཕྱོགས་ནས་ཁས་མ་བླངས་པར། བརྐོས་བརྙན་དེ་དག་ནི་ཁྲིམས་མཐུན་ངང་ཐོབ་པ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་། 

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

ཀེ་རི་སེའི་ཙུང་ལིས་བརྐུས་པའི་དངོས་པོ་ཕྱིར་སློག་དགོས་པར་གསུངས།

ཀེ་རི་སེའི་ཙུང་ལི་མེ་ཙོ་ཐ་ཅི་སེས་སྤྱི་ཟླ་11ཚེས་26ཉིན་དབྱིན་ཇིར་མཚམས་འདྲི་གནང་ཡོད་པ་རེད། ཁོང་གིས་དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་མདོ་འཛིན་པ་ལོན་ལ་ཁུའུ་ཨུན་སི་པོ་ཀིའི་བཅར་འདྲི་དང་ལེན་གནང་སྐབས། ཁོང་གིས་དབྱིན་ཇིའི་དབུ་བཞུགས་བློན་