ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སློབ་མས་སྨན་ཆུ་བླུཊ་ཞོར་སྦྱོང་ཚན་བྲིས་པས་སློབ་གསོ་ཨུ་ལྷན་གྱིས...

2023-11-30 11:05:00     责编:桑吉卓玛

སློབ་མས་སྨན་ཆུ་བླུཊ་ཞོར་སྦྱོང་ཚན་བྲིས་པས་སློབ་གསོ་ཨུ་ལྷན་གྱིས...


       སློབ་མ་ཚོས་སྨན་ཆུ་བླུགས་ཞོར་སྦྱོང་ཚན་འབྲི་བཞིན་པ། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་བརྡ་ཐོ་བཏང་བ།

       མིག་སྔར། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་དབུགས་ལམ་གྱི་འགོས་ནད་ཐོན་མང་བའི་དུས་ལ་སླེབས་ཤིང་། ནད་འགོས་པའི་བྱིས་པ་ཇེ་མང་དུ་ཕྱིན་ཡོད། ཉེ་ཆར། སློབ་མས་སྨན་ཆུ་བླུགས་ཞོར་སྦྱོང་ཚན་འབྲི་བཞིན་པའི་བརྗོད་གཞི་དེར་མི་མང་པོས་དོ་ཁུར་དང་གྲོས་བསྡུར་མང་པོ་བྱེད་ཀྱི་ཡོད། 

       སློབ་སྦྱོང་རྗེས་སུ་མི་ལུས་པའི་ཕྱིར། སློབ་མ་ཚོས་སྨན་ཆུ་བླུགས་ཞོར་སྦྱོང་ཚན་འབྲི་བཞིན་ཡོད་དེ། སྨན་ཁང་ལ་ལས་ཐ་ན་ཆེད་མངག་སློབ་མར་སྨན་ཆུ་བླུགས་ཁུལ་ལམ་བྱམས་བརྩེའི་སྦྱོང་ཚན་འབྲི་སའི་ཅོག་ཙེ་བཙུགས་ཡོད།

       དེའི་སྐོར་ལ་དྲ་གྲོགས་ལ་ལས་སྦྱོང་ཐུབ་མེད་པའི་སློབ་ཚན་དང་འབྲི་རྒྱུ་ལུས་པའི་སྦྱོང་ཚན་གྱིས་ཁྱེད་རང་གི་ན་ཚ་སྒུག་མི་སྲིད་ཅེས་དང་། ལ་ལས་བདེ་ཐང་ནི་རིན་ཐང་བྲལ་བ་ཞིག་ཡིན་ཞེས་བརྗོད་ཡོད།
 


 

       སྤྱི་ཟླ་11ཚེས་25ཉིན། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་ཡིག་ཆ་སྤེལ་ནས་ཕྲུ་གུ་ཚོའི་གཟུགས་གཞི་གཙོ་བོར་འཛིན་དགོས་ཏེ། ནད་ཕོག་རིང་སྦྱོང་ཚན་ངེས་པར་དུ་འབྲི་དགོས་པའི་རེ་བ་འདོན་མི་ཆོག་ཅེས་བསྟན། པེ་ཅིང་གྲོང་ཨུད་སློབ་གསོ་ལས་དོན་ཨུ་ལྷན་དང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས། སློབ་མའི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་དང་དགེ་སློབ་ཚོའི་བདེ་ཐང་ལ་ལྟ་ཞིབ་ཡག་པོ་བྱས་ཏེ། ནད་ཕོག་ན་སློབ་ཁྲིད་ལ་མི་ཡོང་བའི་འགན་ལེན་བྱེད་དགོས་ཅེས་བརྗོད།

 

 

       དྲ་ཐོག་དང་དྲ་འོག་སློབ་ཁྲིད་གོ་རིམ་ལྡན་པ་དང་མཐུད་འབྲེལ་ཡག་པོ་བྱས་ནས། ནད་གཞིའི་རྐྱེན་པས་སློབ་གྲྭར་འགྲོ་མི་ཐུབ་པའི་སློབ་མར་ཉེ་ལམ་ཁྲིད་པའི་སློབ་ཁྲིད་ཀྱི་གཙོ་གནད་དེ་དག་སློབ་གྲྭ་དང་འཛིན་གྲྭས་དུས་ཐོག་ཏུ་ཁྱིམ་བདག་དང་འབྲེལ་གཏུག་དང་གོ་བརྡ་འཕྲོད་པ་བྱེད་དགོས།

       སློབ་གྲྭས་སློབ་མར་ནད་ཕོག་རིང་སྦྱོང་ཚན་བཙན་ཤེད་ཀྱིས་འབྲི་རུ་འཇུག་རྒྱུའི་རེ་བ་མི་འདོན་པ་དང་། ནད་ཕོག་པའི་དུས་སུ་སྦྱོང་ཚན་འབྲི་བའམ་སྦྱོང་ཚན་ཁ་གསབ་བྱེད་དུ་མི་འཇུག་པར་ཕྲུ་གུའི་གཟུགས་གཞི་གཙོ་བོར་འཛིན་དགོས་པ་དང་། སློབ་མ་རྣམས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་རྒྱག་པར་ཁྲིད་སྟོན་བྱེད་པ། རྒྱུན་དུ་ལག་པ་ཡང་སེ་འཁྲུ་བ། རྒྱུན་དུ་མཁའ་རླུང་འགྲོ་རྒྱུ་ཡག་པོ་ཡོང་བ། སྦྱོང་བརྡར་འོས་འཚམ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། གཟུགས་གཞི་དང་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས།

 

 

       པེ་ཅིང་གྲོང་ཨུད་སློབ་གསོ་ཨུ་ལྷན་གྱིས་བསྟན་པར། ཁྱིམ་བདག་གིས་ཕྲུ་གུ་ཚོར་སྨན་བཅོས་དང་ངལ་གསོ་ཡག་པོ་རྒྱག་ཏུ་འཇུག་དགོས་པ་དང་། གཟུགས་པོ་ཡག་ཏུ་ཕྱིན་ནའང་སློབ་གྲྭར་འགྲོ་རྒྱུར་འཚམ་པོ་མེད་ཚེ། ཕུན་སུམ་ཚོགས་པའི་དྲ་ཐོག་སློབ་ཁྲིད་སྤྱད་དེ་ཁྱིམ་དུ་སློབ་སྦྱོང་བྱེད་དགོས་པ་དང་། ཕྲུ་གུར་བཟའ་བཅའ་དོ་སྙོམས་ཡོང་བ་དང་ཆོས་ཉིད་ལྡན་པའི་ངང་ངལ་གསོ་བརྒྱབ་ནས་ཕྲུ་གུར་འཕྲོད་བསྟེན་དང་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས།
 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱ་མཚོ།  
ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

སློབ་མས་སྨན་ཆུ་བླུཊ་ཞོར་སྦྱོང་ཚན་བྲིས་པས་སློབ་གསོ་ཨུ་ལྷན་གྱིས...

མིག་སྔར། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་དབུགས་ལམ་གྱི་འགོས་ནད་ཐོན་མང་བའི་དུས་ལ་སླེབས་ཤིང་། ནད་འགོས་པའི་བྱིས་པ་ཇེ་མང་དུ་ཕྱིན་ཡོད། ཉེ་ཆར། སློབ་མས་སྨན་ཆུ་བླུགས་ཞོར་སྦྱོང་ཚན་