བོད་ལྗོངས་ཀྱིས་འགག་སྒོ་གསར་པ་ཞིག་སྒོ་ཕྱེ་འདུག
སྤྱི་ཟླ་དགུ་པའི་ཚེས་19ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཁོངས་སུ་གནས་པའི་ལེགས་རྩེ་འགག་སྒོ་བདེ་བླག་ངང་རྒྱལ་ཁབ་ཀྱི་རྩིས་ལེན་བྱས་ཡོད་པ་དང་། ལེགས་རྩེ་འགག་སྒོ་སྒོ་དབྱེ་བྱས་རྫེས་རྒྱལ་ཡོངས་སུ་སྒོ་དབྱེ་བྱས་པའི་འགག་སྒོ་ཁྱོན་315ཟིན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལེགས་རྩེ་འགག་སྒོ་འཛུགས་བསྐྲུན་དང་ཞིབ་བཤེར་རྩིས་ལེན་བྱས་ནས་སྒོ་དབྱེ་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་ཀྱི་འགག་སྒོའི་ཁྱབ་ཚུལ་ལེགས་སྒྲིག་བྱས་པ་དང་། མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད། དེ་བས་ནུས་ལྡན་གྱི་སྒོ་ནས་འགག་སྒོའི་ནུས་པ་ཁྱེད་པར་ཅན་དང་། ཆེད་ལས་མི་སྣ་ཞིབ་བསྡུས་ཅན། ལྟ་སྐུལ་དོ་དམ་ལས་དོན་རིག་ནུས་ཅན། འགག་སྲུང་ཞབས་ཞུ་གནད་སྨིན་ཅན་བཅས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་མ་ཟད། ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་མཛའ་མཐུན་སྤེལ་རེས་དང་མཉམ་ལས་ལ་དེ་བས་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ།
སྒྲིག་སྒྱུར། བསྟན་པ་ཚེ་རིང་།