ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་སྐད་གྲགས་བཞག་འདུག

2023-09-21 10:55:00     责编:娜科

 

ཨེ་ཤེ་ཡའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་ཚོགས་ཆུང་འགྲན་བསྡུར་ཁྲོད་ཀྲུང་གོའི་སྐྱེས་པའི་རྐང་རྩེ་སྤོ་ལོའི་རུ་ཁག་གིས་བསྡུར་གྲངས་5:1གི་ཐོག་ནས་རྒྱ་གར་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལས་རྣམ་པར་རྒྱལ་ནས་འགོ་ཡག་པོ་ཞིག་བརྩམས་ཡོད། 

 

 

སྤྱི་ཟླ་9པའི་ཚེས་19ཉིན་གྱི་དགོང་མོ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐྱེས་པའི་རྐང་རྩེད་སྤོ་ལོའི་ཚོགས་ཆུང་འགྲན་བསྡུར་སྔོན་ལ་འགོ་ཚུགས་པ་དང་། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འགྲན་ཐེངས་གོང་མའི་ནང་ཀའོ་ཐན་དབྱིས་སྔོན་ལ་སྤོ་ལོ་བླུགས་ཡོད། ཡིན་ནའང་འགྲན་ཐེངས་གོང་མ་མཇུག་སྒྲིལ་ལ་ཉེ་བའི་མཚམས་སུ་ཁ་གཏད་ཀྱིས་སྤོ་ལོ་གཅིག་ཚུར་བླུགས་ནས་བསྡུར་གྲངས་1:1གི་ཐོག་ནས་སྐར་གྲངས་གཅིག་མཚུངས་བཟོས་ཡོད། འགྲན་བསྡུར་གནས་བབ་ཡག་པོ་དེ་ཙམ་མེད་པའི་གནས་ཚུལ་འོག་ཀྲུང་གོའི་རུ་ཁག་གིས་འགྲན་ཐེངས་མཇུག་མའི་ནང་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྔོན་ལ་ཏའེ་ཝེ་ཅུན་གིས་རྒྱང་འཕེན་བྱས་ནས་སྤོ་ལོ་གཅིག་བླུགས་པ་དང་། དེ་རྗེས་ཐའོ་ཆང་ལུང་གིས་བསྟུད་མར་སྤོ་ལོ་གཉིས་བླུགས་པ། ཧྥང་ཧའོ་གིས་མཐའ་མཇུག་དུས་སུ་སྤོ་ལོ་གཅིག་བླུགས་ནས་རྒྱལ་ཁ་ཐོབ་པར་བྱས་ཡོད། མཐའ་མ་འགྲན་བསྡུར་དེའི་ཁྲོད་བསྡུར་གྲངས་5:1གི་ཐོག་ནས་རྒྱ་གར་གྱི་རུ་ཁག་ལས་རྣམ་པར་རྒྱལ་ནས་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་འགོ་ཡག་པོ་ཞིག་བརྩམས་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ། 

སྒྲིག་སྒྱུར། བསྟན་པ་ཚེ་རིང་། 

中央广播电视总台 央广网 版权所有

ཀྲུང་གོའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་སྐད་གྲགས་བཞག་འདུག

སྤྱི་ཟླ་9པའི་ཚེས་19ཉིན་གྱི་དགོང་མོ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐྱེས་པའི་རྐང་རྩེད་སྤོ་ལོའི་ཚོགས་ཆུང་འགྲན་བསྡུར་སྔོན་ལ་འགོ་ཚུགས་པ་དང་།