ཡུག་རེན་གྱིས་རྒྱལ་ཁབ་གསུམ་ལ་ཞུ་གཏུག་བྱས་འདུག
ཡུག་རེན་གྱིས་རྒྱལ་ཁབ་གསུམ་ལ་ཞུ་གཏུག་བྱས་འདུག
སྤྱི་ཚེས་18ཉིན་ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ལི་གཞོན་པ་དང་པོ། དཔལ་འབྱོར་པུའུ་ཀྲང་ཡིའུ་ལི་ཡ་སི་ཝུའེ་ལི་ཏེང་ཁོ་ཡིས་ཉིན་དེར། ཡུག་རེན་གྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཕོ་ལན་དང་། སི་ལོ་ཧྥ་ཁེ། ཧང་ག་རི་བཅས་ཀྱིས་ཡུག་རེན་གྱི་འབྲུ་རིགས་ནང་འདྲེན་བྱེད་མི་ཆོག་པའི་གནད་དོན་ལ་དམིགས་ནས་ཞུ་གཏུག་བྱས་ཡོད་ཅེས་བརྗོད་འདུག ཁོང་གིས་ཡུག་རེན་གྱིས་སྤེལ་བའི་བྱེད་ཐབས་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཁོངས་གཏོགས་རྒྱལ་ཁབ་གཞན་དག་གི་གནོན་ཤུགས་ཀྱིས་ཡུག་རེན་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་རྒྱུན་ལྡན་ཚོང་དོན་སླར་གསོ་འབྱུང་བར་ཕན་པ་ཡོད་ཅེས་བརྗོད་བཞག
སི་ཝུའེ་ལི་ཏེང་ཁོ་ཡིས། ཕོ་ལན་དང་། སི་ལོ་ཧྥ་ཁེ། ཧང་ག་རི་བཅས་ཀྱིས་ཡུག་རེན་གྱི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་མི་ཆོག་པ་བཟོས་པར་བརྟེན། ཡུག་རེན་རྒྱལ་ནང་གི་ཕྱིར་གཏོང་ཚོང་པས་ལས་མཚམས་བཞག་པ་དང་། མ་རྩ་གཞན་དག་ཇེ་མཐོར་སོང་ནས་མངགས་ཐོ་དུས་ལྟར་ལེགས་སྒྲུབ་མ་ཐུབ་པར་གྱོང་གུན་ཆེན་པོ་ཕོག་ཡོད་ཅེས་བཤད་འདུག ཡུག་རེན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་གསུམ་གྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་འོས་འགན་ལས་འགལ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཡུག་རེན་ཕྱོགས་ཀྱིས་ད་དུང་། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཚོང་དོན་ཁྱབ་ཁོངས་ནང་ཕྱོགས་རྐྱང་པའི་བྱ་སྤྱོད་སྤེལ་བ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པས། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་མཐུན་སྦྱོར་བྱེད་དགོས་པ་མ་ཟད་ཚོང་དོན་སྲིད་ཇུས་ཐད་ལའང་གཅིག་གྱུར་གྲོས་མཐུན་ཡོང་བ་བྱེད་དགོས་པ་ངོས་འཛིན་བྱས་བཞག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག
སྒྲིག་སྒྱུར། སྙན་དབྱངས།