ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཕྲུ་གུར་ལུས་སྦྱོང་དེ་གཉིས་བྱེད་དུ་འཇུག་རྒྱུ་མི་འདུག

2023-09-19 17:35:00     责编:娜科

   ལུས་སྦྱོང་བྱས་ན་འཚར་ལོངས་ལ་ཕན་ཐོགས་ཡོད། འོན་ཀྱང་རང་ལ་འཚམས་པ་ཞིག་མ་བྱུང་ན་དེ་ལས་ལྡོག་སྟེ་གཟུགས་པོར་གནོད་པའི་ཉེན་ཁ་ཡོད། དེར་བརྟེན། ཁྱིམ་བདག་རྣམས་ནས་འཚར་ལོངས་ཡོང་བཞིན་པའི་ཕྲུ་གུར་གཤམ་གྱི་ལུས་སྦྱོང་དེ་གཉིས་བྱེད་དུ་འཇུག་རྒྱུ་མེད།

 

 

དང་པོ། རྒྱང་རྒྱུག

འཚར་ལོངས་ཡོང་བཞིན་པའི་ཕྲུ་གུ་ལོ་ན་ཕྲ་བ་དང་། གཟུགས་པོའི་ཡན་ལག་ཁག་དང་དབང་པོ་ཁག་འཚར་ལོངས་ཡོངས་སུ་བྱུང་མེད། དཔེར་ན། རུས་པ་དང་ཤ་གནད་སོགས་ཡོངས་སུ་འཚར་ལོངས་བྱུང་མེད། གལ་སྲིད། དེ་ལྟའི་གནས་ཚུལ་འོག་རྒྱུག་ཤར་གློད་ན་གཟུགས་པོར་ཕན་པ་མེད་པར་གནོད་པའི་ཉེན་ཁ་ཡོད། དུས་ཡུན་རིང་པོ་རྒྱུག་ཤར་གློད་པ་དང་། ལུས་སྦྱོང་ཤུགས་ཆེན་བྱེད་པ། ལྷག་པར་དུ་མར་སུན་རྒྱང་རྒྱུག་ལ་ཞུགས་པ་ལྟ་བུ་ནི་ཕྲུ་གུའི་རུས་པ་དང་ཤ་གནད་ཀྱིས་བཟོད་མི་ཐུབ་པའི་ཁྱབ་ཁོངས་སུ་གཏོགས་ཀྱི་ཡོད།   རྨོངས་ཚོད་ཀྱིས་ལུས་སྦྱོང་དེའི་རིགས་བྱེད་དུ་བཅུག་ཚེ་རུས་པ་དང་ཤ་གནད་ལ་གནོད་འཚེ་བཟོ་བའི་ཉེན་ཁ་ཡོད་ལ། ཐ་ན་ཕྲུ་གུའི་གཟུགས་པོ་ལོངས་རྒྱུར་ཡང་གནོད་པ་བཟོ་སྲིད།

 

 

གཉིས་པ། ལྗིད་འདེགས།  

ལྗིད་འདེགས་ལུས་སྦྱོང་ནི་བཙིར་གནོན་རང་བཞིན་གྱི་ལུས་སྦྱོང་ཁོངས་སུ་གཏོགས་པ་མ་ཟད་བྱིས་པ་དང་ད་དུང་འཚར་ལོངས་ཡོང་བཞིན་པའི་གཞོན་ནུ་ལོ་ཆུང་ལ་འཚམས་པོ་མེད། ཁོང་ཚོའི་གཟུགས་པོའི་ཡན་ལག་ཁག་ཡོངས་སུ་འཚར་ལོངས་བྱུང་མེད་པ་དང་། ལྷག་པར་དུ་རུས་ཚིགས་ལྟ་བུ་ཡོངས་སུ་འཚར་ལོངས་བྱུང་མེད་པས་ལྗིད་འདེགས་ལུས་སྦྱོང་བྱེད་དུ་བཅུག་ན་རུས་ཚིགས་ཀྱི་ཕྲུམ་རུས་ལ་རྨས་སྐྱོན་བཟོ་སྲིད་པ་དང་། ཕྲུམ་རུས་ཕྲ་ཕུང་གྱེས་འགྱུར་དང་མང་དུ་སོང་ནས་གཟུགས་པོའི་རུས་པ་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་ཏེ་མཐར་གཟུགས་པོ་ལོངས་རྒྱུར་གནོད་འཚེ་བཟོ་སྲིད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན། ལྷག་པ།

སྒྲིག་སྒྱུར། བྱམས་པ་ཚེ་རིང་། 

中央广播电视总台 央广网 版权所有

ཕྲུ་གུར་ལུས་སྦྱོང་དེ་གཉིས་བྱེད་དུ་འཇུག་རྒྱུ་མི་འདུག

ལྗིད་འདེགས་ལུས་སྦྱོང་ནི་བཙིར་གནོན་རང་བཞིན་གྱི་ལུས་སྦྱོང་ཁོངས་སུ་གཏོགས་པ་མ་ཟད་བྱིས་པ་དང་ད་དུང་འཚར་ལོངས་ཡོང་བཞིན་པའི་གཞོན་ནུ་ལོ་ཆུང་ལ་འཚམས་པོ་མེད།