ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

2024ལོའི་ཞིབ་འཇུག་སློབ་མ་རྒྱུཊ་སྤྲོད་པའི་དུས་ཚོད་གཏན་འཁེལ་བྱས།

2023-09-19 09:55:00     责编:娜科

སློབ་གསོ་པུས་ཉེ་ཆར《2024ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ལས་དོན་གྱི་དོ་དམ་གཏན་འབེབས》པར་འགྲེམས་ཁྱབ་བསྒྲགས་བྱས་ཏེ། ས་གནས་ཁག་གི་སློབ་བསྡུའི་ཚན་པ་ཁག་གིས་2024ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད།

གཏན་འབེབས་ནང་། 2024ལོར་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་ཐོག་མའི་ཡིག་རྒྱུགས་དེ་2023ལོའི་ཟླ་12ཚེས་23ཉིན་ནས་ཚེས་24ཉིན་བར་གཏན་འཁེལ་བྱས་པ་དང་། ཡིག་རྒྱུགས་ཀྱི་དུས་ཚོད་ཆུ་ཚོད་3ལས་བརྒལ་བའམ་ཡང་ན་པར་པང་སྤྱོད་པ་སོགས་དམིགས་བསལ་གྱི་བླང་བྱ་ཡོད་པའི་ཡིག་རྒྱུགས་ཚན་པ་དག་ཟླ་12ཚེས་25ཉིན་བཀོད་སྒྲིག་བྱས་ཡོད། དྲ་ཐོག་ནས་མིང་ཐོ་འགོད་པའི་ལས་དོན་དེ་2023ལོའི་ཟླ་10ཚེས་8ཉིན་ནས་ཟླ་10ཚེས་25ཉིན་བར་གྱི་ཉིན་རེའི་ཆུ་ཚོད་9:00པ་ནས་22:00བར་རེད་འདུག མིང་ཐོ་འགོད་པའི་ལས་དོན་དེ་ཟླ་9ཚེས་24ཉིན་ནས་ཟླ་9ཚེས་27ཉིན་བར་གྱི་ཉིན་རེའི་ཆུ་ཚོད་9:00པ་ནས་22:00བར་རེད་འདུག དྲ་ཐོག་ནས་མིང་ཐོ་འགོད་མཇུག་འགྲིལ་རྗེས། ཞིང་ཆེན་རིམ་པའི་སློབ་གསོའི་སློབ་བསྡུའི་ཡིག་རྒྱུགས་སྒྲིག་གཞི་ཁག་གིས་དྲ་ཐོག་ནས་ཁས་ལེན་ལས་དོན་སྒྲིག་འཛུགས་བྱས་ཏེ་རྒྱུགས་སྤྲོད་སློབ་མའི་མིང་ཐོ་འགོད་པའི་ཆ་འཕྲིན་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།     རྒྱུགས་སྤྲོད་སློབ་མ་ཚང་མ་ངེས་པར་དུ་གཏན་འབེབས་བྱས་པའི་དུས་ཚོད་ནང་དྲ་ཐོག་ནས་མིང་ཐོ་འགོད་པ་དང་དྲ་ཐོག་ནས་གཏན་འཁེལ་བྱེད་པའི་ནང་ཞུགས་དགོས་པ་ལས། དུས་བཀག་ལས་ཡོལ་ན་གསབ་སྒྲུབ་བྱེད་ཀྱི་མེད།

 རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ཞིབ་འཇུག་སློབ་མའི་སློབ་བསྡུའི་སྲིད་ཇུས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཤེས་རྟོགས་བྱ་རྒྱུར་རོགས་རམ་བྱ་ཆེད། ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཆ་འཕྲིན་དྲ་བ་སྟེ་ (https://yz.chsi.com.cn) ཐོག་2023ལོའི་ཟླ་9ཚེས་18ཉིན་ནས་ཚེས་22ཉིན་བར་2024ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་དྲིལ་བསྒྲགས་བློ་འདྲིའི་གཟའ་འཁོར་སོགས་བྱེད་སྒོ་སྤེལ་རྒྱུ་དང་། སྐབས་དེར་ཞིབ་འཇུག་སློབ་མ་བསྡུ་བའི་ལས་ཁུངས་དག་གིས་དྲ་ཐོག་ནས་རྒྱུགས་སྤྲོད་སློབ་མའི་འདྲི་བར་ལན་འདེབས་རྒྱུ་རེད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། བདེ་གཡང་།

中央广播电视总台 央广网 版权所有

2024ལོའི་ཞིབ་འཇུག་སློབ་མ་རྒྱུཊ་སྤྲོད་པའི་དུས་ཚོད་གཏན་འཁེལ་བྱས།

རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ཞིབ་འཇུག་སློབ་མའི་སློབ་བསྡུའི་སྲིད་ཇུས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཤེས་རྟོགས་བྱ་རྒྱུར་རོགས་རམ་བྱ་ཆེད། ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཆ་འཕྲིན་དྲ་བ་སྟེ་