དམག་མི་རྫུན་མས་དམག་ལྭ་རྫུན་མ་བཙོངས་པས་ཉེས་དོན་བཀག་ཉར་བྱས།
དམག་མི་རྫུན་མས་དམག་ལྭ་རྫུན་མ་བཙོངས་པས་ཉེས་དོན་བཀག་ཉར་བྱས།
སི་ཁྲོན་ཞིང་ཆེན་གྱི་ཙི་ཀུང་གྲོང་ཁྱེར་རོང་རྫོང་དུ།
སྐྱེས་པ་ཞིག་གིས་དངོས་ཞབས་དམག་མི་ཡིན་ཁུལ་གྱིས་
གང་སར་དམག་ལྭ་དང་དམག་སྤྱོད་མཁོ་རྫས་བཙོངས་པས།
མིག་སྔར། སྐྱེས་པ་དེ་ཉེས་དོན་བཀག་ཉར་བྱས་འདུག
“ང་ཚོའི་གྲོང་ཁྱེར་གྱི་རོང་རྫོང་དུ་སྐྱེས་པ་ཞིག་གིས་དངོས་ཞབས་དམག་མིའི་ཐོབ་ཐང་གིས་གང་སར་དམག་ལྭ་བཙོང་བཞིན་འདུག ཁྱེད་ཚོས་གཞོགས་འདེགས་ཞིབ་བཤེར་གནང་རོགས”ཞེས་ཟླ་9པའི་ཟླ་དཀྱིལ་དུ། སི་ཁྲོན་ཞིང་ཆེན་ཙི་ཀུང་ཡན་ལག་དམག་ཁུལ་ཁང་དུ་ས་གནས་དེ་གའི་ཐེར་འདོན་ཁ་པར་ཞིག་འབྱོར།
འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ལས་དོན་ཚོ་ཆུང་མངགས་ཏེ་སྐྱེས་པ་དེ་སྡོད་སར་ཡུལ་དངོས་ཞིབ་བཤེར་བྱས།
གྱོད་གཞི་སྒྲུབ་མཁན་གྱིས་འདྲ་བཟོ་བྱས་པའི་དམག་(ཉེན་རྟོག་པ་)མིའི་ལག་ཁྱེར་དང་། དམག་མིའི་འགན་སྲུང་བྱང་བུ། འདྲ་བཟོ་བྱས་པའི་དམག་ལྭ་དང་མཚོན་རྟགས་རང་བཞིན་གྱི་གྱོན་ཆས་སོགས་དམག་སྤྱོད་ཡོ་བྱད་རིགས་34དང་། དེ་བཞིན་དམག་མི་ཡིན་ཁུལ་གྱིས་དམག་མིའི་དམིགས་བསལ་སྲིད་ཇུས་ལོངས་སྤྱོད་བྱས་ཏེ་ཉོས་པའི་གནམ་གྲུའི་པ་སེ་4 གྱོད་གཞི་བཟོ་བྱེད་ཀྱི་ལག་ཐོགས་ཁ་པར་4བཅས་རྩད་ཞིབ་ཐུབ་ནས་ཚུར་བླངས་ཡོད།
གྱོད་གཞི་སྒྲུབ་མཁན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།
དོགས་ཡོད་མི་སྣ་ཀྲང་ཆེ་གེ་མོ་ནི་ད་ལོ་ལོ་22རེད།
ཁོའི་གྱོན་ཆས་ཆ་སྒམ་ནང་འདྲ་བཟོ་བྱས་པའི་དམག་དཔོན་གྱི་ལག་ཁྱེར་དང་། དམག་ལྭ།
དེ་བཞིན་དམག་རིགས་ཁག་གི་དཔུང་རྟགས་དང་། སྤྱི་རྟགས། ཕྲག་རྟགས།
མཚོན་རྟགས་རང་བཞིན་གྱི་རྒྱན་གོས་སོགས་འབོར་ཆེན་འཚོལ་བཤེར་ཐུབ་ཡོད།
དེའི་ནང་མང་ཆེ་བ་ནི་21ཅན་གྱི་དམག་སྤྱོད་ཡོ་བྱད་རེད།
དེ་བས་བསམ་ཡུལ་ལས་འདས་པ་ནི་ཀྲང་ཆེ་གེ་མོ་ད་དུང་ཐེངས་བཞིར་དངོས་ཞབས་དམག་མིའི་ཐོབ་ཐང་ཐོག་ནས་གནམ་གྲུར་བསྡད་པ་དང་དམག་མིའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ཡོད།
སྔར་བས་ཞིབ་བཤེར་བྱས་པ་བརྒྱུད། ཀྲང་ཆེ་གེ་མོས་དངོས་ཞབས་དམག་མིའི་ཐོབ་ཐང་ལ་བརྫུས་པར་མ་ཟད་ད་དུང་དྲ་ཐོག་དང་དྲ་འོག་ནས་གང་སར་དམག་ལྭ་རྫུན་མ་དང་མཚོན་རྟགས་རང་བཞིན་གྱི་གྱོན་ཆས་སོགས་དམག་སྤྱོད་མཁོ་ཆས་བཙོངས་ཡོད།
ས་གནས་དེ་གའི་ཉེན་རྟོག་པས་མཁོ་འདོན་བྱས་པའི་གླེང་མོལ་དང་དངུལ་བསྒྱུར་ཟིན་ཐོར་གཞིགས་ན། ཀྲང་ཆེ་གེ་མོས་ཕྱིར་འཚོང་བྱེད་པའི་དམག་སྤྱོད་ཡོ་བྱད་ནི་དྲ་ཐོག་ནས་ཉོས་ལ་རིན་གོང་སྒོར་བརྒྱ་ཉིས་བརྒྱ་ཡིན་པ་དང་དེའི་ཁྲོད་ནས་ཁེ་ཕན་ཐོབ་ཡོད།
མིག་སྔར། ཀྲང་ཆེ་གེ་མོར་ཉེས་དོན་བཀག་ཉར་བྱས་ཟིན་པ་དང་།
གྱོད་གཞི་དེ་མུ་མཐུད་ཞིབ་བཤེར་ཐག་གཅོད་བྱེད་བཞིན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། སྒྲོལ་མ་སྐྱབས།