ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་ལུཊ་སྨན་རིཊ་325བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ནང་ཚུད་འདུག

2023-09-18 18:26:00     责编:桑吉卓玛

ཀྲུང་ལུཊ་སྨན་རིཊ་325བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ནང་ཚུད་འདུག

       མི་དམངས་མང་ཚོགས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་དགོས་མཁོ་སྔར་བས་སྐོང་ཐུབ་པ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་སྨན་བཅོས་ཁྲོད་ནུས་པ་ཟམ་མི་ཆད་པར་འདོན་སྤེལ་བྱ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ནུས་པ་དང་ཟུང་འབྲེལ་གྱིས་རིགས་གཅིག་མཁས་པ་སྒྲིག་འཛུགས་དང་ཞིབ་དཔྱད་བྱས་ནས། ཀྲུང་ལུགས་སྨན་རྫས་ཀྱི་སྨན་སྦྱོར་རིལ་བུ་རིགས་325བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་ཐོག་མར་བཅུག་པ་དང་། ༼བོད་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཀྲུང་ལུགས་སྨན་རྫས་ཀྱི་སྨན་སྦྱོར་རིལ་བུའི་དཀར་ཆག(2023ལོ)༽བཟོས་པ་དང་ཟླ་9ཚེས་1ཉིན་ནས་བཟུང་ལྗོངས་ཡོངས་སུ་ལག་ལེན་བསྟར་བ་རེད།

       ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཀྲུང་ལུགས་སྨན་རྫས་ཀྱི་སྨན་སྦྱོར་རིལ་བུ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཅིག་གྱུར་ཐོག་སྨན་རྫས་རིགས་ཁ་པ་ལྟར་དོ་དམ་བྱེད་པ་དང་། སྨན་བཅོས་ཁྱབ་ཁོངས་སུ་གཙོ་བོ་དབུགས་ལམ་མ་ལག་དང་འཇུ་བྱེད་མ་ལག གྲུམ་བུའི་རིགས་སོགས་ཀྱི་ནད་རིགས་ཚུད་ཡོད། ཀྲུང་ལུགས་སྨན་རྫས་སྨན་སྦྱོར་རིལ་བུ་དེ་སྲོལ་རྒྱུན་གྱི་ཀྲུང་ལུགས་སྨན་རྫས་དང་བསྡུར་ན། འཐུང་དུས་སྟབས་བདེ་བ་དང་འཁྱེར་སླ་བ། སྤུས་ཉར་དུས་ཡུན་རིང་བ་སོགས་ཀྱི་ལེགས་ཆ་ལྡན་ཡོད་པས། སྨན་བཅོས་འགན་བཅོལ་ནང་བཅུག་ཏེ་རྩིས་ཞུ་བྱས་རྗེས། རྒྱ་ཆེའི་ནད་པའི་སྨན་བེད་སྤྱོད་ཀྱི་ཁུར་པོ་ཡང་དུ་གཏོང་ཐུབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་མང་ཚོགས་དང་ནད་ཐོག་སྨན་བཅོས་ཀྱི་སྨན་རྫས་འགན་ལེན་བྱེད་པའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུ་ཡིན་པ་རེད།

       མིང་ཐོ་ཆ་ཚང་། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། ཀུན་བཟང་དབང་མོ། 
 

 

中央广播电视总台 央广网 版权所有

ཀྲུང་ལུཊ་སྨན་རིཊ་325བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ནང་ཚུད་འདུག

མི་དམངས་མང་ཚོགས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་དགོས་མཁོ་སྔར་བས་སྐོང་ཐུབ་པ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་སྨན་བཅོས་ཁྲོད་ནུས་པ་ཟམ་མི་ཆད་པར་འདོན་ས