ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དོན་དེས་རྐྱེན་པས་སྨན་པ་དེ་ལས་འགན་མཚམས་འཇོག་བྱས།

2023-09-18 18:18:00     责编:桑吉卓玛

དོན་དེས་རྐྱེན་པས་སྨན་པ་དེ་ལས་འགན་མཚམས་འཇོག་བྱས།

 

       སྤྱི་ཟླ་9ཚེས་12ཉིན། ལས་མི་ཞིག་གི་ལས་ཞུགས་གཟུགས་པོའི་བརྟག་དཔྱད་སྙན་ཞུ་ཞིག་དྲ་བའི་ཐོག་རྒྱ་ཆེར་ཁྱབ་ཞིང་། སྙན་ཞུ་དེའི་ཐོག་བློ་རིག་མི་གསལ་བས་ལས་མི་བཀོལ་སྤྱོད་ལས་ཁུངས་ནས་ཡིད་གཟབ་བྱོས་ཞེས་བྲིས་ཡོད་པ་མ་ཟད་དེའི་ཐོག་ཅང་སུའུ་ལན་ཡུན་ཀང་ཞུས་ཝེ་ཤིན་ཁུལ་གསར་མི་དམངས་སྨན་ཁང་གཟུགས་པོའི་བརྟག་དཔྱད་ལྟེ་གནས་ཞེས་པའི་གཞུང་ཐམ་བརྒྱབ་ཡོད་པས་སྙན་ཞུ་དེར་མི་མང་པོས་ལབ་གླེང་ཚ་ཚ་འུར་འུར་བྱས་ཡོད་པ་རེད།
 

 

       སྨན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བརྟག་དཔྱད་བྱེད་མཁན་སྨན་པ་དེའི་ལས་འགན་མཚམས་འཇོག་བྱས་ཡོད་པ་རེད།

       སྤྱི་ཟླ་9ཚེས་14ཉིན་གྱི་ཕྱི་དྲོ། གསར་འགོད་པ་ཞུས་ཝེ་ཤིན་ཁུལ་གསར་མི་དམངས་སྨན་ཁང་གི་ས་གནས་ས་ཐོག་ཏུ་བསྐྱོད་དེ་གཟུགས་པོའི་བརྟག་དཔྱད་ལྟེ་གནས་དེར་རྒྱུས་ལོན་བྱས་ཡོད་པ་རེད། གཟུགས་པོ་བརྟག་དཔྱད་ལྟེ་གནས་དེའི་ནང་མི་མི་ཉུང་བ་ཞིག་གིས་གཟུགས་པོར་བརྟག་དཔྱད་བྱས་པའི་འབྲེལ་ཡོད་གནད་དོན་ཐད་བློ་འདྲི་བྱེད་བཞིན་ཡོད་པ་རེད།

       ཞུས་ཝེ་ཤིན་ཁུལ་གསར་མི་དམངས་སྨན་ཁང་གི་འགོ་འཛིན་གཞོན་པ་ཞུས་ཅེས། བརྟག་དཔྱད་བྱས་པ་བརྒྱུད། སྤྱི་ཟླ་11ཚེས་9ཉིན་སྨན་ཁང་གི་གཟུགས་པོའི་བརྟག་དཔྱད་ལྟེ་གནས་ཀྱིས་དེའི་གོང་གི་གཟུགས་པོའི་བརྟག་དཔྱད་སྙན་ཞུ་དེ་མཁོ་འདོན་བྱས་པ་མ་ཟད། སྙན་ཞུའི་ཐོག་བློ་རིག་ཞན་པ་ཞེས་པ་སོགས་ཀྱི་ནང་དོན་བྲིས་ཡོད་ཅེས་བརྗོད་ཡོད་པ་རེད།

       ཞུས་ཅེས། གཟུགས་པོའི་བརྟག་དཔྱད་ཀྱི་སྙན་ཞུ་མཁོ་འདོན་བྱེད་མཁན་གྱི་སྨན་པ་དེས་ཆེད་ལས་ཀྱི་ཞིབ་བཤེར་མ་བྱས་གོང་། གོང་གསལ་གྱི་གཟུགས་པོའི་བརྟག་དཔྱད་བྱས་འབྲས་འདི་ལྟ་བུ་བྲིས་པ་དེ་ནི་ལུགས་དང་མི་མཐུན་པ་ཞིག་ཡིན་པ་མ་ཟད། གཟུགས་པོའི་བརྟག་དཔྱད་ཀྱི་སྙན་ཞུའི་ནང་བློ་རིག་ཞན་པ་ཞེས་པ་སོགས་ཀྱི་འབྲེལ་ཡོད་ནང་དོན་འབྲི་མི་འོས་པ་ཞིག་རེད། མིག་སྔར། བརྟག་དཔྱད་བྱེད་མཁན་གྱི་སྨན་པ་དེའི་ལས་འགན་མཚམས་འཇོག་བྱས་པ་དང་། གནད་དོན་དེར་སྔར་བས་བརྟག་དཔྱད་དང་ཐག་གཅོད་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།

       ཁྲིམས་རྩོད་པས། སྨན་པར་ནད་པ་ལས་ཞུགས་བྱེད་མིན་ཐད་ཐག་གཅོད་བྱེད་དབང་མེད་ཅེས་བརྗོད་འདུག

       ནན་ཅིང་གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཆིའུ་སུའུ་ཡིས། སྨན་པ་དེའི་བྱེད་སྟངས་ནི་ཡང་དག་མིན་པ་མངོན་གསལ་རེད། ཁེ་ལས་ཀྱིས་ལས་མི་བསྡུ་བའི་གཟུགས་པོའི་བརྟག་དཔྱད་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་གཞུང་ཞབས་པ་བསྡུ་བའི་གཟུགས་པོའི་བརྟག་དཔྱད་ཀྱི་ཀུན་སྤྱོད་ཚད་གཞི(ཚོད་ལྟའི་ལག་བསྟར)དཔྱད་གཞིར་འཛིན་ཆོག་པ་དང་། དེའི་ཁྲོད་དུ་བློ་རིག་ཞན་པ་དེ་གཟུགས་པོའི་བརྟག་དཔྱད་ཀྱི་ཚད་གཞི་མི་ལོན་པའི་གཞིར་འཛིན་མི་རུང་བའི་གཏན་འབེབ་བྱས་ཡོད་ཅེས་བརྗོད་འདུག

       ཁོང་གིས་ད་དུང་། “སྨན་པས་གཟུགས་པོར་བརྟག་དཔྱད་བྱེད་མཁན་གྱི་བརྟག་དཔྱད་མཇུག་འབྲས་ཀྱི་གནས་ཚུལ་ལ་གཞིགས་ནས་བརྡར་ཤ་གཅོད་རྒྱུ་མ་གཏོགས་ནད་པ་ལས་ཀའི་ནང་ཞུགས་ཐུབ་མིན་ལ་སྡོམ་ཚིག་འཇོག་མི་རུང་། སྨན་པས་ད་དུང་གཟུགས་པོར་བརྟག་དཔྱད་བྱེད་མཁན་གྱི་བློ་རིག་ཞན་པར་གཞིགས་ནས་བརྟག་དཔྱད་བྱེད་མཁན་གྱི་བློ་རིག་ལ་གནད་དོན་ཡོད་མེད་ཁ་ཚོན་གཅོད་མི་རུང་བར། བློ་དང་རིག་པ་དེ་ཆེད་ལས་ཀྱི་བརྟག་དཔྱད་སྙན་ཞུ་ལ་བལྟ་དགོས་ཞེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཚེ་ཕུན། 
སྒྲིག་སྒྱུར། སྙན་དབྱངས།

 

中央广播电视总台 央广网 版权所有

དོན་དེས་རྐྱེན་པས་སྨན་པ་དེ་ལས་འགན་མཚམས་འཇོག་བྱས།

སྤྱི་ཟླ་9ཚེས་12ཉིན། ལས་མི་ཞིག་གི་ལས་ཞུགས་གཟུགས་པོའི་བརྟག་དཔྱད་སྙན་ཞུ་ཞིག་དྲ་བའི་ཐོག་རྒྱ་ཆེར་ཁྱབ་ཞིང་། སྙན་ཞུ་དེའི་ཐོག་བློ་རིག་མི་གསལ་བས་ལས་མི་བཀོལ་སྤྱོད་ལས་ཁུངས་ནས་ཡིད་གཟབ་བྱོས་ཞེས་བྲིས་ཡོད་པ་མ་ཟད་དེའི་ཐོག་ཅང་སུའུ་ལན་ཡུན་ཀང་ཞུས་ཝེ་ཤི