ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

འབྲི་ཆུའི་ཆུ་འགོའི་རྟ་ཐོག་གི་ཁྲིམས་ར།

2023-09-18 10:27:00     责编:桑吉卓玛

འབྲི་ཆུའི་ཆུ་འགོའི་རྟ་ཐོག་གི་ཁྲིམས་ར།

 

 


       མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནི་འབྲི་ཆུའི་ཆུ་འགོར་གནས་པ་དང་། དེར་“ལེ་དབར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོ”ཞེས་འབོད་སྲོལ་ཡོད། འབྲི་སྟོད་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི་4500ཡན་ཟིན་པ་དང་། ཁོངས་གཏོགས་ཤང་གྲོང་མང་ཆེ་བ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པས། གཞི་རིམ་མི་དམངས་ཁྲིམས་ཁང་གིས་དུས་རྒྱུན་རྩོད་གཞི་འདུམ་འགྲིག་དང་། གྱོད་གཞི་ཞིབ་གཅོད། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་སྐབས་དཀའ་ལས་ཤིན་ཏུ་ཆེན་པོ་ཡོད་པ་རེད། 

 

 

       སྟབས་བདེ་བའི་ཁྲིམས་འཛིན་ཞབས་ཞུ་མང་ཚོགས་ཀྱི་སྒོ་འགྲམ་དུ་སྐྱེལ་ཐུབ་པ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། འབྲི་སྟོད་རྫོང་མི་དམངས་ཁྲིམས་ཁང་གིས་འཁོར་ཐོག་ཁྲིམས་ར་དང་རྟ་ཐོག་ཁྲིམས་ར་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་ནས། སྐོར་སྐྱོད་ཁྲིམས་ར་རི་གསེབ་དང་འབྲོག་གུར་དུ་བསྐྱོད་ནས་གྱོད་དོན་ཐོ་འགོད་དང་། རང་སར་འདྲི་གཅོད། ས་ཆ་དེ་རང་དུ་ལག་བསྟར་བཅས་ཀྱི་བྱེད་ཐབས་བརྒྱུད་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་བསལ་ནས། ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན། 

ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།
 

中央广播电视总台 央广网 版权所有

འབྲི་ཆུའི་ཆུ་འགོའི་རྟ་ཐོག་གི་ཁྲིམས་ར།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནི་འབྲི་ཆུའི་ཆུ་འགོར་གནས་པ་དང་། དེར་“ལེ་དབར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོ”ཞེས་འབོད་སྲོལ་ཡོད། འབྲི་སྟོད་རྫོང་གི་ཆ་སྙོམས་མཚོ་འཕགས་