ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

འགྲིམ་འགྲུལ་དོན་རྐྱེན་འདིའི་ཁྲོད་མི་8རྐྱེན་ལམ་དུ་ཤོར་འདུག

2023-09-18 10:26:00     责编:桑吉卓玛

འགྲིམ་འགྲུལ་དོན་རྐྱེན་འདིའི་ཁྲོད་མི་8རྐྱེན་ལམ་དུ་ཤོར་འདུག

       གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར(ཟླ་9ཚེས་11ཉིན་གྱི་ཆུ་ཚོད་14དང་སྐར་མ་47ཙམ)མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་ཀྱི་རྒྱལ་ལམ་227གྱི་སྤྱི་ལེ་825དང་སྨི་580སར་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གཉིས་གདོང་ཐུག་བརྒྱབ་པའི་འགྲིམ་འགྲུལ་དོན་རྐྱེན་ཐོན་ནས་མི་5རྐྱེན་ལམ་དུ་ཤོར་བ་དང་མི་3མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་རྐྱེན་ལམ་དུ་ཤོར་འདུག

       དོན་རྐྱེན་ཐོན་རྗེས། ས་གནས་དེ་གའི་ཁུལ་དང་རྫོང་སྤྱི་བདེ་དང་། མེ་ཟོན། འཕྲལ་སྒྲུབ། སྨན་བཅོས་སོགས་སྡེ་ཁག་འཕྲལ་མར་ཡུལ་དངོས་སུ་རོགས་སྐྱོབ་དང་ཐག་གཅོད་བྱེད་པར་སྐྱོད་ཡོད། མིག་སྔར་དོན་རྐྱེན་འབྱུང་རྐྱེན་བརྟག་དཔྱད་དང་རྗེས་འཇུག་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

སྒྲིག་སྒྱུར། རྡོ་ཐར། 
 

中央广播电视总台 央广网 版权所有

འགྲིམ་འགྲུལ་དོན་རྐྱེན་འདིའི་ཁྲོད་མི་8རྐྱེན་ལམ་དུ་ཤོར་འདུག

གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར(ཟླ་9ཚེས་11ཉིན་གྱི་ཆུ་ཚོད་14དང་སྐར་མ་47ཙམ)མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིག