ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གཞིས་རྩེར་གནམ་དཔྱད་རྒྱང་ཤེལ་འདི་འདྲ་ཞིག་འཛུཊ་རྒྱུ་རེད་འདུག

2023-09-16 17:26:00     责编:娜科

 

ཚེས་15ཉིན། ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་གནམ་རིག་ལས་ཁུངས་ཀྱིས་གཙོ་སྐྱོང་བྱས་ནས་བསྐྲུན་པའི་གཞིས་རྩེའི་སྨི་40ཡི་གློག་རླབས་གནམ་དཔྱད་རྒྱང་ཤེལ་འཛུགས་སྐྲུན་རྣམ་གྲངས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་ཡོད། རྒྱང་ཤེལ་དེ་བསྐྲུན་རྗེས་རང་རྒྱལ་གྱི་ཟླ་དཔྱད་ལས་གྲྭའི་དུས་ཐེངས་བཞི་པ་དང་མཁའ་དབྱིངས་འཚོལ་ཞིབ་ཚད་ལེན་གྱི་ཚད་ལེན་འཁོར་ལམ་སོགས་ཀྱི་ལས་འགན་ལ་འདེགས་སྐྱོར་ཐུབ་མ་ཟད། རང་རྒྱལ་གྱི་གློག་རླབས་གནམ་དཔྱད་ཚན་རིག་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་ཐེབས་ངེས་རེད།

གཞིས་རྩེའི་སྨི་40ཡི་གློག་རླབས་གནམ་དཔྱད་རྒྱང་ཤེལ་དེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ངོས་སུ་གནས་པ་དང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་35ཙམ་ཡོད། ས་གནས་དེ་གའི་ས་བབ་མཐོ་ཚད་སྨི་4100ཙམ་ཟིན་པ་དང་།  གློག་སྡུད་རླབས་ཀྱི་འགོག་རྐྱེན་ཉུང་བས་དེ་ནི་གློག་རླབས་གནམ་དཔྱད་རྒྱང་ཤེལ་གྱི་འཛུགས་སྐྲུན་བྱ་ཡུལ་ཡག་པོ་ཞིག་རེད།  བསྐྲུན་ཟིན་རྗེས་གཞིས་རྩེའི་སྨི་40ཡི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ནི་ཞིབ་ཚད་མཐོ་ལ་སྤྱོད་སྒོ་མང་བའི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ཞིག་ཡིན་ཞིང་། དེར་1GHzནས་100GHzབར་གྱི་ལྟ་ཞིབ་ནུས་པ་ལྡན་པས། རང་རྒྱལ་གྱི་ད་ཡོད་ཀྱི་ཆེས་རིང་བའི་གཞི་ཐིག་གི་ཐེ་གཏོགས་ཚད་འཇལ་དྲ་བའི་གྲུབ་ཆའི་རྣམ་པ་དང་ལྟ་ཞིབ་ནུས་པ་ཆེ་རུ་ཕྱིན་ནས་རང་རྒྱལ་གྱི་མཁའ་དབྱིངས་སུ་འཚོལ་ཞིབ་ཚད་ལེན་བྱེད་པའི་འཁོར་ལམ་ཚད་ལེན་ལས་འགན་སྔར་བས་ཇེ་ལེགས་སུ་འགྲོ་རྒྱུ་ཡིན་པ་རེད། 

གཞན་ཡང་རྒྱང་ཤེལ་དེས་སླད་ཕྱིན་རང་རྒྱལ་གྱི་སྤུས་ཚད་ཧ་ཅང་ཆེ་བའི་བརྟན་སྐར་ནག་པོ་དང་དགུ་ཚིགས་ཁོངས་གཏོགས་སྒུལ་ཤུགས་རིག་པའི་ཞིབ་འཇུག་སོགས་གནམ་དཔྱད་རིག་པའི་མདུན་ཕྱོགས་ཁྱབ་ཁོངས་རབ་དང་རིམ་པའི་ཞིབ་འཇུག་ཁྲོད་ཐོག་མའི་གསར་གཏོད་རང་བཞིན་གྱི་ཚན་ཞིབ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད། སྔོན་དཔག་བྱས་ན། 2023ལོའི་ལོ་མཇུག་གོང་རྣམ་གྲངས་དེའི་གནམ་སྐུད་གློག་སྐུད་ཀྱི་ས་འོག་གི་ཆ་ཤས་འཛུགས་སྐྲུན་ལེགས་བསྒྲུབ་བྱ་རྒྱུ་དང་།  2024ལོའི་ལོ་མཇུག་གོང་ལྟ་ཞིབ་ཚད་ལེན་གྱི་ནུས་པ་རགས་ཙམ་ཆགས་རྒྱུ། 2025ལོའི་ལོ་མཇུག་གོང་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་ཟིན་རྒྱུ་ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་།

སྒྲིག་སྒྱུར། འབྲུག་འཚོ་སྐྱིད།

中央广播电视总台 央广网 版权所有

གཞིས་རྩེར་གནམ་དཔྱད་རྒྱང་ཤེལ་འདི་འདྲ་ཞིག་འཛུཊ་རྒྱུ་རེད་འདུག

གཞན་ཡང་རྒྱང་ཤེལ་དེས་སླད་ཕྱིན་རང་རྒྱལ་གྱི་སྤུས་ཚད་ཧ་ཅང་ཆེ་བའི་བརྟན་སྐར་ནག་པོ་དང་དགུ་ཚིགས་ཁོངས་གཏོགས་སྒུལ་ཤུགས་རིག་པའི་ཞིབ་འཇུག་སོགས་གནམ་དཔྱད་རི