བོད་ལྗོངས་ཀྱི་འགོ་ཁྲིད་འདིར་ཞིབ་བཤེར་བྱས་འདུག
སྤྱི་ཟླ་9ཚེས་14ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཀྲེན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། ལི་ཀྲེན་གྱིས་དེ་སྔ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། བཟོ་འཕྲིན་ཐིང་གི་ཐིང་ཀྲང་། དམངས་སྲིད་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་མྱོང་ཡོད། ཕྱིས་སུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལ་བསྐོས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། ཀུན་བཟང་དབང་མོ།