ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྤྱི་ཁྱབ་ཧྲུའུ་ཅིས་ནན་སྟོན་ཡང་སེ་གནང་བའི་དོན་དག་ནི་འདི་རེད།

2023-06-26 15:17:00     责编:桑吉卓玛

སྤྱི་ཁྱབ་ཧྲུའུ་ཅིས་ནན་སྟོན་ཡང་སེ་གནང་བའི་དོན་དག་ནི་འདི་རེད།

 


       དམངས་རྣམས་ཟས་ལ་བརྟེན་ཞིང་། འབྲུ་རིགས་ས་ཞིང་ལ་བརྟེན་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་རྩ་བ་དེ་རྨོ་ཞིང་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཡིན་ནའང་འདྲ། ཡུལ་དངོས་སུ་རྟོག་ཞིབ་གནང་བར་ཕེབས་པ་ཡིན་ནའང་འདྲ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་དུ་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པའི་དོན་ཆེན་དེ་ཐུགས་དབུས་སུ་འཇོག་གནང་མཛད་ཡོད། 
 

       རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་དེ་བརྟན་སྲུང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྨོ་ཞིང་སྲུང་སྐྱོབ་བྱེད་པའི་ཐད། མུའུ་དུང་ཕྱུར་18ཀྱི་རྨོ་ཞིང་མིང་དོན་དང་མཚུངས་པ་བྱས་ཏེ་ཞིང་ཁ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད་ངེས་པར་དུ་སྤུས་ལེགས་ཞིང་ཁ་ཡིན་དགོས་པའི་བླང་བྱ་ཁ་གསལ་སྟོན་གནང་ཡོད།

 

       སྤྱི་ལོ་2022ལོའི་ཟླ་བ་6ཚེས་8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧོ་གྲོང་རྡལ་ཡུང་ཧྥོང་གྲོང་ཚོའི་ཚད་གཞི་མཐོ་བའི་ཆུ་འབྲས་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་བར་ཕེབས་སྐབས། ཁོང་གིས། ཁྲེན་ཏུའི་གཤོངས་ས་ནི་གནའ་ནས་དངོས་རྫས་འཛོམས་པའི་ཡུལ་ལུང་ཞེས་པའི་མཚན་སྙན་ལྡན་ཡོད། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱས་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོ་དེར་སྲུང་སྐྱོབ་ཡག་པོ་དང་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཐོག་དུས་རབས་གསར་པར་ཆུ་ཚད་དེ་བས་མཐོ་བའི་ཁྲེན་ཏུའི་འབྲུ་རིགས་ཐོན་ཁུལ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

 

       མིག་སྔའི་བར། སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ས་ཞིང་དོ་དམ་པ་དྲུག་ཁྲི་ལྷག་དང་། དྲ་མིག་དོ་དམ་པ་ཆིག་འབུམ་བདུན་ཁྲི་སུམ་སྟོང་ལྷག་ཙམ་བཀོད་སྒྲག་བྱས་ནས་རིམ་པ་ལྔའི་ཞིང་དཔོན་སྣོན་དྲ་མིག་དོ་དམ་པའི་རྨོ་ཞིང་སྲུང་སྐྱོབ་འགན་ཁྲིའི་ལམ་སྲོལ་དང་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་སྤྱིའི་ཆ་ནས་བཙུགས་ཟིན་ཡོད་པ་རེད།

 

       སྤྱི་ལོ་2023ལོའི་ཟླ་བ་5ཚེས་11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཚང་ཀྲའུ་གྲོང་ཁྱེར་ཧོང་ཧྭ་གྲོང་ཁྱེར་ཅེའུ་ཁྲེང་གྲོང་རྡལ་ཤན་ཀྲོང་ཁུལ་གྱི་ཐན་བུལ་གྲོ་ཞིང་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། རྒྱ་ཆེ་བའི་ཞིང་ཐང་དུ་གཟིགས་ཞོར། སྤྱི་ཁྱབ་ཧྲུའུ་ཅིས། རྒྱལ་ཡོངས་སུ་ཁྱོན་བ་ཚྭ་ཅན་གྱི་ས་ཆ་མུའུ་དུང་ཕྱུར་15ཡོད་པ་ལས་འབྲུ་རིགས་འདེབས་རྒྱུར་འཚམས་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་5ལས་མེད། གལ་ཏེ། ལྷགས་འཕྲོ་དེ་དག་གསར་སྤེལ་བེད་སྤྱོད་ཐུབ་ན་རང་རྒྱལ་གྱི་རྨོ་ཞིང་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་གསུངས་ཡོད།

 

       སྤྱི་ལོ་2022ལོའི་ཟླ་བ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གྲོང་གསེབ་ལས་དོན་གྲོས་ཚོགས་སུ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་བྱས་ནས་བརྟན་འཇགས་ཀྱི་གཞི་རྩའི་ས་ཞིང་དེ་དག་ཚང་མ་རིམ་པ་བཞིན་ཚད་གཞི་མཐོ་བའི་ས་ཞིང་དུ་བསྒྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

 

      ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད་དེ་ཐན་སྐྱོན་དང་ཞོད་སྐྱོན་ཆེ་བའི་སྐབས་སུའང་འབྲུ་རིགས་བསྡུ་རྒྱུ་ཡོད་པ་དང་། ད་དུང་ཐོན་འབབ་མཐོ་པོ་དང་བརྟན་པོ་ཡོད་པའི་སྤུས་ལེགས་ས་ཞིང་ཁག་ཅིག་བསྐྲུན་ཡོད། སྤྱི་ལོ་2022ལོའི་ལོ་མཇུག་བར་སླེབས་དུས། རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་10འཛུགས་སྐྲུན་བྱས་ཡོད། ད་ལོ་མུའུ་བྱེ་བ་4དང་ས་ཡ་5གསར་སྦོལ་བྱ་རྒྱུ་མ་ཟད་མུའུ་བྱེ་བ་3དང་ས་ཡ་5བསྒྱུར་བཀོད་བྱ་རྒྱུ་ཡིན་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན། ལྷག་པ།

ཡིག་སྒྱུར། བྱམས་པ་ཚེ་རིང་། 

 

འཛམ་གླིང་སྐར་ཁུངས།

ཝེ་རོན་ཀུང་སིར་དངུལ་ཆད་སྒོར་དུང་ཕྱུར་1.42བཅད་པ།

ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཉོ་ཚོང་ཨུ་ལྷན་གྱིས་སྤྱི་ཚེས་6ཉིན། ཝེ་རོན་མཉེན་ཆས་ཀུང་སིས《བྱིས་པའི་དྲ་ལམ་གསང་དོན་སྲུང་སྐྱོང་བཅའ་ཁྲིམས》ལས་འགལ་ཏེ།

中央广播电视总台 央广网 版权所有

སྤྱི་ཁྱབ་ཧྲུའུ་ཅིས་ནན་སྟོན་ཡང་སེ་གནང་བའི་དོན་དག་ནི་འདི་རེད།

དམངས་རྣམས་ཟས་ལ་བརྟེན་ཞིང་། འབྲུ་རིགས་ས་ཞིང་ལ་བརྟེན་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་རྩ་བ་དེ་རྨོ་ཞིང་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན