ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གསེར་གྱི་རྟཊ་མ་5བླངས་པར་བཀྲ་ཤིས་བདེ་ལེགས་ཞུ།

2023-05-29 18:41:00     责编:卓玛才让

     ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་5པའི་ཚེས་28ཉིན། སྤྱི་ལོ་2023ལོའི་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་དེ་ཨ་ཧྥེ་རི་ཁ་ལྷོ་མའི་ཏེ་པན་དུ་མཇུག་བསྒྲིལ་བ་དང་། སྐྱེས་པའི་རྐྱང་རྒྱག་གི་གཏིང་རྩོད་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གི་འཛམ་གླིང་གི་ཨང་དང་པོ་ཡིན་པའི་ཧྥན་ཀྲེན་ཏུང་གིས་བསྡུར་གྲངས་4∶2ཀྱི་ཐོག་ནས་ཝང་ཁྲུའུ་ཆིན་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད།

     ཧྥན་ཀྲེན་ཏུང་གིས་ཀྲུང་གོའི་རུ་ཁག་ལ་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་འགྲན་བསྡུར་ཁྲོད་བསྟུད་མར་ཨང་དང་པོ་ཐེངས་བཅུ་བླངས་པ་དང་དུས་མཚུངས་སྐྱེས་པའི་ཆ་རྒྱག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་རྗེས་ཀྱི་གསེར་གྱི་རྟགས་མ་གཉིས་པ་དེ་ཡིན་པ་རེད།

     ད་བར། ཀྲུང་གོའི་རུ་ཁག་གིས་ཐེངས་འདིའི་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཁྲོད། རྣམ་གྲངས་རྐྱང་པའི་གསེར་གྱི་རྟགས་མ་5པོ་བླངས་པར་བཀྲ་ཤིས་བདེ་ལེགས་ཞུ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། བསྟན་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

གསེར་གྱི་རྟཊ་མ་5བླངས་པར་བཀྲ་ཤིས་བདེ་ལེགས་ཞུ།

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་5པའི་ཚེས་28ཉིན། སྤྱི་ལོ་2023ལོའི་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་དེ་ཨ་ཧྥེ་རི་ཁ་ལྷོ་མའི་ཏེ་པན་དུ་མཇུག་བསྒྲིལ་བ་དང་།