ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

འཛམ་གླིང་ཐོག་འོད་སྐུད་གློག་གཏོང་ས་ཚིཊ་ཆེ་ཤོས་དེ་སྐྲུན་བཞིན་འདུག

2023-05-29 18:38:00     责编:卓玛才让

     ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མགར་མདོ་ཤང་གི་ཀྲའོ་ཝ་1800ཟིན་པའི་འོད་སྐུད་གློག་གཏོང་རྣམ་གྲངས་ལས་འགོ་བཙུགས་པ་དང་། རྣམ་གྲངས་དེ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་ནུས་ཁུངས་གསར་པ་གསར་སྤེལ་བྱེད་པའི་ལས་གྲྭ་དང་པོ་དེ་ཡིན་པ་དང་། འཆར་གཞི་བྱས་ན་སྤྱི་ལོ་2024ལོའི་ཟླ་11པའི་ཚེས་30ཉིན་དྲ་སྦྲེལ་གློག་གཏོང་མངོན་འགྱུར་ཐུབ་རྒྱུ་ཡིན་པ་རེད།

     མགར་མདོའི་ཀྲའོ་ཝ་1800ཡི་འོད་སྐུད་རྣམ་གྲངས་དེ་ནི་སྨར་ཁམས་རྫོང་མགར་མདོ་ཤང་དང་། ནོར་གནས་ཤང་ཁོངས་སུ་གནས་པ་དང་། རྫོང་གྲོང་དང་ཐད་ཀའི་བར་ཐག་སྤྱི་ལེ་45ཙམ་ཡོད་པ། ས་བབ་མཐོ་ཚད་མཚོ་འཕགས་སྨི་4200ནས་4800བར་ཟིན་གྱི་ཡོད་ཅིང་། མིག་སྔར་འཛམ་གླིང་ཡོངས་སུ་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་དང་། ས་བབ་མཐོ་ཤོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་འཐུས་སྒོ་ཚང་ཤོས་བཅས་ཀྱི་ནུས་ཁུངས་གཙང་མའི་གློག་གཏོང་རྣམ་གྲངས་ཤིག་རེད། རྣམ་གྲངས་བསྐྲུན་ཟིན་རྗེས། ལོ་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་54ཙམ་ཟིན་རྒྱུ་དང་། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་167གྲོན་ཆུང་ཐུབ་རྒྱུ། དབྱང་གཉིས་ཐན་རྫས་འབུད་བཤངས་བྱེད་ཚད་ཏུན་ཁྲི་374ཉུང་དུ་གཏོང་ཐུབ་པས་ཐན་རྒྱུ་ཉུང་གཏོང་གཉིས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་རོགས་རམ་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་ཆུ་དང་རླུང་། འོད་བཅས་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་། བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། བསྟན་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འཛམ་གླིང་ཐོག་འོད་སྐུད་གློག་གཏོང་ས་ཚིཊ་ཆེ་ཤོས་དེ་སྐྲུན་བཞིན་འདུག

ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མགར་མདོ་ཤང་གི་ཀྲའོ་ཝ་1800ཟིན་པའི་འོད་སྐུད་གློག་གཏོང་རྣམ་གྲངས་ལས་འགོ་བཙུགས་པ་དང་།