ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་ལ་མཚན་བཤད་བཟོ་བའི་གཏམ་འཆལ་དེ་རིཊ་ལ་ཁུངས་ལུང་གང་ཡང་མེད།

2023-05-29 18:38:00     责编:卓玛才让

      བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེ་སྟེ་མཚོ་བོད་མཐོ་སྒང་གི་དབུས་རྒྱུད་དུ་གནས་ཡོད། གཞུང་ལམ་འགྲིམ་འགྲུལ་ནི་ཕྱི་ཕྱོགས་ནས་བོད་ལྗོངས་གོང་འཕེལ་ལ་བལྟ་བའི་སྐར་ཁུང་ལྟ་བུར་གྱུར་ཡོད། དེ་སྔའི་རྐང་ལམ་ཕྲ་མོ་ནས་མིག་སྔའི་གཞུང་ལམ་དང་ལྕགས་ལམ། མཁའ་ལམ་བཅས་གཞི་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་བར་འགྲིམ་འགྲུལ་ངོ་མཚར་ལམ་བུ་རེ་རེས་བོད་ལྗོངས་ཀྱི་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་ལ་དཔང་པོ་བྱས་ཡོད། སྤྱི་ཚེས་23ཉིན། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2023ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ལ་གནང་བའི་རྟེན་འབྲེལ་འཕྲིན་ཡིག་ནང་། མི་དམངས་བདེ་སྐྱིད་བྱུང་བ་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ཤིག་ཡིན་པ་དང་། གོང་འཕེལ་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་ཡིན་ཞེས་བསྟན་གནང་ཡོད།

     ལོ་ངོ་72གོང་གི་སྤྱི་ཟླ་5ཚེས་23ཉིན། བོད་ཞི་བས་བཅིངས་འགྲོལ་བཏང་ཡོད། ལོ་རྒྱུས་ཀྱི་དོན་ཆེན་དེ་ལས་ཕྱི་རོལ་སྟོབས་ཤུགས་ཀྱིས་བོད་ལྗོངས་ཉིད་ཀྲུང་གོའི་མངའ་ཁོངས་ནས་ཁ་ཕྲལ་གཏོང་བའི་བསམ་ཇུས་ངན་པ་ཐལ་བའི་རྡུལ་དུ་བརླགས་ཡོད། ཉིན་དེ་ནི་བོད་ལྗོངས་གསར་པའི་འགོ་འཛུགས་སར་གྱུར་བ་དང་། དེའི་རྗེས་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་ལས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ཏན་ཏིག་ཐུབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོ་ངོ་མར་གྱུར་ཡོད། 

     འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ཐུབ་པ་དེས་གོང་འཕེལ་ལ་སྒུལ་ཤུགས་བསྐྲུན་ཡོད། དེ་ཡང་གྲངས་གཞི་གསུམ་གྱི་ཐོག་ནས་ར་སྤྲོད་ཐུབ་པ་སྟེ། སྤྱི་ལོ་2022ལོར་བོད་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་དེ་སྤྱི་ལོ་1951ལོ་དང་བསྡུར་ན་ལྡབ་346.8འཕར་བ་དང་གཅིག བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་གཏོང་བའི་དུས་འགོའི་ལོ་35.5ཡིན་པ་ནས་མིག་སྔའི་ལོ་72.19བར་རིང་དུ་སོང་བ་དང་གཉིས། བོད་ལྗོངས་ཀྱི་སློབ་གསོའི་ཆུ་ཚད་ཞི་བས་བཅིངས་འགྲོལ་གཏོང་བའི་དུས་འགོའི་ཡིག་རྨོངས་ཀྱི་ཚད་གཞི་95%ཡན་ཟིན་པ་ནས་མིག་སྔའི་ཆར་ཡིག་རྨོངས་སྤྱིར་མེད་པར་གྱུར་བ་དང་། སྒོ་ཀུན་ནས་ལོ་15ཡི་གཞུང་གྲོན་སློབ་གསོའི་མ་ལག་བཙུགས་པ་དང་གསུམ་བཅས་རེད།

     ལྷག་པར་དུ་ཉེ་བའི་ལོ་ངོ་བཅུའི་རིང་། བོད་ལྗོངས་ཀྱིས་ལོ་ལྟར་ནོར་སྲིད་ཡོང་འབབ་ཁྲོད་བརྒྱ་ཆ་80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་གི་ཡོད་པ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་ཁྱབ་ཁོངས་ཀྱི་འགན་སྲུང་མ་ལག་བཙུགས་ཡོད། སྤྱི་ལོ་2019ལོར། བོད་ལྗོངས་ཉིད་ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག བལྟོས་མེད་དབུལ་ཕོངས་ཡོངས་སུ་སེལ་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱུང་ཡོད། ཀྲུང་གོར་བཅའ་སྡོད་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེན་མོ་བ་ཡིའུ་ལི་ཨའོ་ཡིས་བོད་ལྗོངས་ཀྱིས་བལྟོས་མེད་དབུལ་ཕོངས་སེལ་བའི་གསོན་ཉམས་དོད་པའི་ལག་ལེན་ནི་མི་རྣམས་ཧང་སངས་དགོས་པ་ཞིག་རེད་ཅེས་གསུངས་ཡོད།

     དེང་གི་ཆར། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་བ་དེས་བོད་ལྗོངས་ཀྱི་དཔལ་འབྱོར་ལའང་སྒུལ་ཤུགས་གསར་པ་བསྣན་ཡོད། སྤྱི་ལོ་2022ལོར། བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ཁྲོད་བཟུང་བའི་བསྡུར་གྲངས་19%ཟིན་པ་དང་། དེའི་ཁྲོད་གྲངས་འཛིན་དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་200ལས་བརྒལ་ནས་ལོ་འཁོར་གྱི་དམིགས་འབེན་སྔ་བསྣུར་དུ་ལེགས་གྲུབ་བྱུང་བ་དང་ལོ་གཉིས་རིང་ཆ་སྙོམས་འཕར་ཚད་16%ཟིན་ཡོད། གྲངས་འཛིན་དཔལ་འབྱོར་གྱི་རྣམ་གྲངས་རེ་རེ་དོན་འཁྱོལ་བྱུང་བ་དང་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་དང་བེད་སྤྱོད་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དེས་བོད་ལྗོངས་གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་ཐུབ་ཡོད།

     བོད་ལྗོངས་འདི་ཉིད་གོང་འཕེལ་གྱི་བགྲོད་ལམ་ཡངས་པོའི་ཐོག་བརྟན་ཐོག་རྒྱང་བགྲོད་ཐུབ་རུང་། ནུབ་ཕྱོགས་ཀྱི་སྲིད་ཚོང་པ་ཁག་ཅིག་གིས་ཀྲུང་གོ་སྲིད་གཞུང་གིས་བོད་ལྗོངས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཡོང་བའི་ཐད་དཀའ་སྤྱད་འབད་འཐབ་བྱས་པ་དེ་སྣང་མེད་དུ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ཟེར་བར་ཁ་གཡར་ཏེ་དོན་མེད་བསྙོན་འཛུགས་བྱེད་བཞིན་ཡོད། ཁོང་ཚོའི་བསམ་ཇུས་ངན་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་པོ་མཐོང་ཐུབ་པ་ཞིག་རེད། རྒྱ་གར་གྱི་ཤེས་ལྡན་པ་ཝེ་ཧན་གྱིས། ནུབ་ཕྱོགས་ཀྱི་མི་ཁག་ཅིག་གིས་གཞུང་ལས་ཁང་དུ་སྣང་བ་སྐྱིད་པོའི་ངང་འདུག་པ་ལས་བོད་ལྗོངས་ཀྱི་མི་དམངས་རྣམས་ཁོང་ཚོ་དང་འདྲ་བའི་དེང་རབས་ཤེས་དཔལ་གྱི་ལམ་བུར་སྐྱོད་པ་མཐོང་དོད་བྱེད་ཀྱི་མེད། བོད་ལྗོངས་མི་རྣམས་ལ་གློག་བརྙན་ཁང་དུ་འགྲོ་བའི་དབང་ཆ་ཡོད་ལ། མྱུར་བགྲོད་མེ་འཁོར་གྱི་ལྕགས་ལམ་སྐྲུན་པའི་དབང་ཆའང་ཡོད། ཁོང་ཚོས་དེ་དག་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་རང་སོའི་རིག་གནས་དང་ཁྱིམ་གཞིས་ཀྱི་འབྱུང་ཁམས་ལ་སྲུང་སྐྱོབ་བྱས་ཡོད་ཅེས་བསྟན་ཡོད།

     བོད་ལྗོངས་ཡག་པོ་བྱུང་བ་ནི། ཀྲུང་གོ་ཡག་པོ་བྱུང་བའི་རྟགས་རེད། ཀྲུང་གོས་མིག་སྔར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་བོད་ལྗོངས་ཀྱིས་ཀྱང་གོང་འཕེལ་གྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་རང་སོའི་གོང་འཕེལ་དང་རྒྱལ་ཁབ་ཀྱི་གོང་འཕེལ་གཉིས་ཟུང་སྦྲེལ་དམ་ཟབ་བྱེད་བཞིན་ཡོད་པས་བོད་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་བས་འགན་སྲུང་ཐོབ་ངེས་རེད་ལ། བོད་ལྗོངས་མི་དམངས་ཀྱི་འཚོ་བའང་སྔར་བས་ལེགས་སུ་འགྲོ་རྒྱུ་སྨོས་མེད་རེད། དོན་དངོས་ཀྱི་མདུན་དུ་བོད་ལྗོངས་ལ་མཚན་བཤད་བཟོ་བའི་གཏམ་འཆལ་དེ་རིགས་ཐལ་བའི་རྡུལ་དུ་བརླགས་རྒྱུ་ནི་གདོན་མི་ཟ་བ་ཞིག་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

བོད་ལྗོངས་ལ་མཚན་བཤད་བཟོ་བའི་གཏམ་འཆལ་དེ་རིཊ་ལ་ཁུངས་ལུང་གང་ཡང་མེད།

བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེ་སྟེ་མཚོ་བོད་མཐོ་སྒང་གི་དབུས་རྒྱུད་དུ་གནས་ཡོད། གཞུང་ལམ་འགྲིམ་འགྲུལ་ནི་ཕྱི་ཕྱོགས་ནས་བོད་ལྗོངས་གོང་འཕེལ་ལ་བལྟ་བའི་སྐར་ཁུང་ལྟ་བུར་གྱུར་ཡོད།