ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་རྣམ་གྲངས1139བསྐྲུན་རྒྱུ་ཡིན་པ།

2023-05-29 18:35:00     责编:卓玛才让

     ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་བོད་ལྗོངས་ཀྱིས་འཆར་གཞི་བྱས་ན་ཁག་དང་པོའི་གྲོང་གསེབ་དར་རྒྱས་རྣམ་གྲངས་1139ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྔོན་དཔགས་བྱས་ན། མ་འཇོག་སྒོར་དུང་ཕྱུར་108.13བྱ་རྒྱུ་ཡིན་པ་རེད། མིག་སྔར། ལས་འགོ་བཙུགས་ཟིན་པའི་རྣམ་གྲངས་1046ཡོད་པ་དང། ལས་འགོ་འཛུགས་ཚད་91.83%ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གནས་26ཙམ་གྱིས་མཐོ་བ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། བསྟན་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

བོད་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་རྣམ་གྲངས1139བསྐྲུན་རྒྱུ་ཡིན་པ།

ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར།