ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཅུད་བཙུགས་པ།

2023-05-29 18:33:00     责编:卓玛才让

    སྤྱི་ཟླ་5ཚེས་26ཉིན། ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས་ཀྱི་སྒོ་བྱང་བཀལ་ནས་བཙུགས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ཅུད་དེ་སྒོ་བྱང་བཀལ་ནས་བཙུགས་པ་ལས་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ཐད་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་པ་དང་ལེའུ་གསར་པ་ཞིག་ཕྱེ་བ་མཚོན་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུ་དུས་རབས་གསར་པ་ཞིག་ཏུ་སླེབས་པ་དང་གོམ་སྟབས་གསར་པ་ཞིག་སྤོ་འགོ་ཚུགས་ཡོད་པ་རེད།

    རིམས་ནད་ཚོད་འཛིན་མ་ལག་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་གཏོད་པ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཅུད་བཙུགས་རྗེས། དབང་གྲགས་ལྡན་ལ་ནུས་ཆོད་ཆེ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་ལམ་སྲོལ་བསྐྱར་སྐྲུན་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་འཛུགས་པ། བདེ་ཐང་བོད་ལྗོངས་དང་བདེ་ཐང་ལྷ་ས་ཁྱོན་ཡོངས་ནས་འཛུགས་སྐྲུན་བཅས་བྱས་ཐོག ལྷ་སའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་རེད།

     གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་གྱིས་རིམས་ནད་ཚོད་འཛིན་སྒྲིག་གཞི་གཙོ་རྐང་དུ་བྱེད་པ་དང་། སྨན་བཅོས་སྒྲིག་གཞིར་བརྟེན་པ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རྨང་གཞིར་བྱ་རྒྱུ་བཅས་འཐུས་ཚང་དུ་བཏང་ནས། འགོག་བཅོས་ཟུང་འབྲེལ་དང་ཕྱོགས་ཁག་མཐུན་སྦྱོར་གྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་རེད། སྤྱི་པའི་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་དང་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་དང་། ཤེས་ལྡན་མི་སྣ། ཚན་རྩལ་བཅས་རྨང་གཞིའི་རང་བཞིན་གྱི་ལས་དོན་ཁག་གསུམ་དམ་འཛིན་ཏན་ཏིག་བྱེད་པ། རིམས་ནད་ཚོད་འཛིན་ནུས་པ་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆེད་ལས་ཀྱི་ལྟེ་བའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

སྒྲིག་སྒྱུར། བཀྲ་ཤིས་རྡོ་རྗེ།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཅུད་བཙུགས་པ།

སྤྱི་ཟླ་5ཚེས་26ཉིན། ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས་ཀྱི་སྒོ་བྱང་བཀལ་ནས་བཙུགས་ཡོད།