ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

འདི་སྤྱོད་མཁན་དུང་ཕྱུར་6.34ཟིན་འདུག ཁྱེད་དེའི་ནང་ཨེ་ཡོད།

2023-05-27 15:48:00     责编:桑吉卓玛

འདི་སྤྱོད་མཁན་དུང་ཕྱུར་6.34ཟིན་འདུག ཁྱེད་དེའི་ནང་ཨེ་ཡོད།

 

 

       བཟོ་འཕྲིན་ཅན་པུའུ་ཡི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། གློག་འཕྲིན་ལས་སྒོའི་ཡོང་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་5699ཟིན་པ་དེ་དུས་མཚུངས་ལས་7.2%འཕར་ཡོད། སྒུལ་བདེའི་ཁ་པར་སྤྱོད་མཁན་བརྟན་པོའི་ངང་འཕར་བ་དང་5Gསྤྱོད་མཁན་གྱི་གྲངས་ཀ་མགྱོགས་མྱུར་འཕར་ཡོད། ཟླ་བཞི་པའི་ཟླ་མཇུག་བར། རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱི་སྒུལ་བདེའི་ཁ་པར་སྤྱོད་མཁན་ཁྱོན་བསྡོམས་དུང་ཕྱུར་17.07ཡོད་པ་རེད། 

       དེའི་ནང་། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་6.34ཟིན་པ་དེས་སྒུལ་བདེའི་ཁ་པར་སྤྱོད་མཁན་གྱི་37.1%ཟིན་ཡོད། 5Gསྦྲེལ་ཚིགས་ཁྱོན་བསྡོམས་ཁྲི་273.3ཟིན་པ་དེས་སྒུལ་བདེའི་སྦྲེལ་ཚིགས་ཡོངས་ཀྱི་24.5%ཟིན་ཡོད། གཏན་འཇགས་དྲ་བ་སྤྱོད་མཁན་བརྟན་པོའི་ངང་འཕར་བ་དང་། རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱི་གཏན་འཇགས་སྦྲེལ་མཐུད་དྲ་བ་སྤྱོད་མཁན་ཁྱོན་བསྡོམས་དུང་ཕྱུར་6.08ཟིན་ཏེ། ལོ་གོང་མའི་ལོ་མཇུག་ལས་སྤྱོད་མཁན་ཁྲི་1811འཕར་ཡོད་པ་རེད། དེའི་ཁྲོད་ཀྲའོ་སྟོང་ཅན་སྤྱོད་མཁན་གྱིས་20%ཙམ་ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱ་མཚོ། 
ཡིག་སྒྱུར། སྒྲོལ་མ་མཚོ། 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འདི་སྤྱོད་མཁན་དུང་ཕྱུར་6.34ཟིན་འདུག ཁྱེད་དེའི་ནང་ཨེ་ཡོད།

བཟོ་འཕྲིན་ཅན་པུའུ་ཡི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། གློག་འཕྲིན་ལས་སྒོའི་ཡོང་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་5699ཟིན་པ་དེ་དུས་མཚུངས་ལས་