བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་འདིའི་རེ་ཞུའི་བརྡ་ཐོ།
བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་འདིའི་རེ་ཞུའི་བརྡ་ཐོ།
སྤྱི་ལོ་2023ལོའི་ལོ་འཁོར་གྱི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་རེ་ཞུ་བྱེད་པའི་བརྡ་ཐོ
འབྲེལ་ཡོད་མཐོ་སློབ་དང་ཚན་ཞིབ་ཚན་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོང་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྒོ་ཀུན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོསངས་དོན་དོན་འཁྱོལ་བྱེད་པ། ལྟེ་བར་དམིགས་རྒྱུ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་དོན་དངོས་གནད་དོན་ཆེ་གྲས་ཀྱི་ཞིབ་འཇུག་ཁ་ཕྱོགས་གཙོ་བོར་བཟུང་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་ན་གཞོན་རྣམས་ནས་བོད་རིག་པའི་ཞིབ་འཇུག་ལས་ཀ་བྱེད་པའི་ཧུར་སེམས་སྐུལ་སློང་བྱེད་པ། བོད་རིག་པའི་ཕུལ་བྱུང་ན་གཞོན་ཞིབ་འཇུག་པ་སྐྱེད་བསྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་མ་ཁེ་སི་རིང་ལུགས་ཀྱི་བོད་རིག་པའི་ཞིབ་འཇུག་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡིས་ཆོག་མཆན་གནང་བ་བརྒྱུད། སྤྱི་ལོ་2023ལོའི་ལོ་འཁོར་གྱི་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་རེ་ཞུའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་རྒྱུ་ཡིན།
འབྲེལ་ཡོད་བརྡ་ཐོ་གཤམ་གསལ་ལྟར།
དང་པོ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་རེ་ཞུའི་མཛུབ་ཁྲིད་བསམ་བློ་དང་རེ་ཞུའི་བླང་བྱ། ཁ་བྱང་གཏན་འཁེལ་སོགས་ཀྱི་ནང་དོན༼ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་སྤྱི་ལོ་2023ལོའི་ལོ་འཁོར་ཞིབ་འཇུག་བྱ་གཞིའི་ཕྱོགས་སྟོན༽ཞེས་པར་གསལ།
གཉིས་པ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་དེ་རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཚན་ཞིབ་ཚན་པའི་གཞོན་ནུ་ཤེས་ཡོན་ཅན་ཡོངས་ལ་ཁ་ཕྱོགས་རྒྱུ་དང་། ཞིབ་འཇུག་བྱ་གཞིའི་འགན་འཁུར་བར་སྤྱིར་ན་ཞིབ་འཇུག་སློབ་མའི་སློབ་གནས་ཡོད་དགོས་པ་དང་། ལོ་45ལས་བརྒལ་མི་ཆོག(1978ལོའི་ཟླ་བ་1ཚེས་1ཉིན་གྱི་རྗེས་སུ་སྐྱེས་པ)ཞིབ་འཇུག་བྱ་གཞིའི་འགན་འཁུར་བས་ལོ་ལྟར་གཞོན་ནུའི་རྣམ་གྲངས་གཅིག་ལས་ཐོ་འགོད་བྱ་མི་ཆོག་པས་མ་ཚད་དེ་ཞིབ་འཇུག་ཚོ་ཆུང་གི་ཁོངས་མི་གཞན་ནས་དེ་མིན་གྱི་གཞོན་ནུའི་རྣམ་གྲངས་རེ་ཞུ་བྱ་རྒྱུར་བརྩི་མི་ཆོག ཞིབ་འཇུག་བྱེད་བཞིན་ཡོད་པའི་གཞོན་ནུའི་རྣམ་གྲངས་ཀྱི་འགན་འཁུར་བས་རྣམ་གྲངས་གསར་པ་རེ་ཞུ་བྱ་མི་ཆོག
གསུམ་པ། ཞིབ་འཇུག་བྱ་གཞིའི་འགན་འཁུར་བས་རིག་ཚན་ག་གེ་མོའི་ཁྱབ་ཁོངས་སུ་གཏན་འཇགས་ཀྱི་ཞིབ་འཇུག་ཁ་ཕྱོགས་དང་ཞིབ་འཇུག་ཀྱི་བསམ་ཕྱོགས་དང་ཐབས་ལམ་ཡོད་དགོས་པ་དང་། ཞིབ་འཇུག་ཀྱི་རྨང་གཞི་དང་གོང་འཕེལ་གྱི་མི་མངོན་པའི་ནུས་པ་ངེས་ཅན་ལྡན་དགོས་པའི་ཁར་གཞི་རྩའི་ཞིབ་འཇུག་ཆ་རྐྱེན་ཡང་འཛོམས་དགོས་ཤིང་། ཞིབ་འཇུག་གྲུབ་འབྲས་མཐོར་འདེགས་ཡོང་བའི་བྱ་ཐབས་ལའང་དཔྱད་དཔོག་རང་བཞིན་ལྡན་པ་དགོས།
བཞི་པ། ཞིབ་འཇུག་བྱ་གཞི་རེ་ཞུ་བྱེད་མཁན་ཚན་པར་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་ཏེ། འབྲེལ་ཡོད་ཁྱབ་ཁོངས་སུ་རིགས་གཞུང་ཐོན་ཁུངས་དང་ཞིབ་འཇུག་སྟོབས་ཤུགས་ཕུན་སུམ་ཚོགས་པོ་ཡོད་དགོས་པ། ཚན་ཞིབ་དོ་དམ་གྱི་འགན་ནུས་ཚན་པ་དམིགས་སུ་ཡོད་དགོས་པ། ཞིབ་འཇུག་བྱེད་པར་མཁོ་བའི་དགོས་ངེས་ཆ་རྐྱེན་མཁོ་འདོན་ཐུབ་པ་མ་ཟད་ཡིད་རྟོན་གནང་དག་མེད་པའི་ཁས་ལེན་བྱེད་དགོས་པ། ལས་འགན་གཅིག་ལྕོགས་སུ་འཁུར་བའི་མིང་ཐོག་ནས་ལས་འགན་འཁུར་བྱའི་ཚན་པ་ནས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་ཐོ་འགོད་བྱས་ཚེ། ལས་འགན་འཁུར་བྱའི་ཚན་པས་ལས་འགན་གཅིག་ལྕོགས་སུ་འཁུར་མཁན་མི་སྣ་དངོས་སུ་གདན་ཞུ་བྱས་པའི་འབྲེལ་ཡོད་གནས་ཚུལ་ལ་ཞིབ་དཔྱད་བྱེད་དགོས་པ་དང་། རྣམ་གྲངས་དོ་དམ་བྱེད་པའི་འགན་འཁུར་དགོས་པ་མ་ཟད་ཡིད་རྟོན་གནང་དག་མེད་པའི་ཁས་ལེན་ཡང་བྱེད་དགོས།
ལྔ་པ། ཞིབ་འཇུག་བྱ་གཞིའི་འགན་འཁུར་མི་སྣས༼ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་ཀྱི་ཞིབ་འཇུག་བྱ་གཞི་རེ་ཞུ་བྱེད་པའི་རེའུ་མིག༽སྐོང་དགོས་པ་དང་། A3ཤོག་ལྷེའི་ཐོག་ངོས་གཉིས་སུ་པར་རྒྱག་དགོས་པ་དང་། བར་གསེང་འཚེམ་སྒྲིག་བྱས་ནས་ཁག་གསུམ་བཟོ་དགོས། རེ་ཞུ་བྱེད་མཁན་ཚན་པས་གོང་གསལ་གྱི་དཔྱད་གཞིའི་རྒྱུ་ཆར་ཞིབ་དཔྱད་ནན་པོ་བྱས་རྗེས༼ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་རེ་ཞུའི་རྣམ་གྲངས་གསལ་ཐོ༽སྐོང་དགོས་པ་དང་། དེའི་ཐོག་གཞུང་གི་ཐེལ་ཙེ་བརྒྱབ་ནས་སྤྱི་ལོ་2023ལོའི་ཟླ་བ་6ཚེས་15ཉིན་གོང་དུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་བོད་རིག་པའི་སློབ་ཚོགས་སུ་བསྐུར་དགོས། དུས་མཚུངས། སྤྱི་ཟླ་6ཚེས་20ཉིན་གྱི་གོང་དུ་རེ་ཞུའི་རེའུ་མིག (wordཡིག་ཆའི་རྣམ་པ)དང་རྣམ་གྲངས་རེ་ཞུའི་གསལ་ཐོ(གསལ་ཐོའི་ནང་ཚུད་མེད་པའི་རྣམ་གྲངས་ལ་བདག་སྤྲོད་བྱ་རྒྱུ་མིན)མཉམ་དུ་སྒྲིག་རྗེས་གློག་རྡུལ་ཡིག་སྒམ་ctrcyats@163.comནང་བསྐུར་དགོས་པ་མ་ཟད་གློག་རྡུལ་དཔར་མ་དང་ཤོག་བཟོས་དཔར་མའི་གྲངས་གཞིའི་དྲང་བདེན་རང་བཞིན་དང་ཆ་ཚང་རང་བཞིན། གཅིག་མཐུན་རང་བཞིན་བཅས་ལ་འགན་ལེན་བྱེད་དགོས། དུས་ཚོད་ཡོལ་ན་བདག་སྤྲོད་བྱ་རྒྱུ་མིན།
དྲུག་པ། རེ་ཞུ་བྱེད་མཁན་གྱི་ཚན་པ་ཚང་མས་རེ་ཞུའི་དཔྱད་གཞི་གཅིག་སྡུས་ཐོག་བསྐུར་དགོས།
བདུན་པ། འབྲེལ་གཏུག་བྱ་ཡུལ། བསོད་ནམས་སྒྲོལ་མ། 010—64945122
ལེའུ་ཤིང་ཡུས། 010—64932378
བརྒྱད་པ། བསྐུར་སྐྱེལ་ཆ་འཕྲིན།
ས་གནས། པེ་ཅིང་གྲོང་ཁྱེར་ཁྲའོ་ཡང་ཁུལ་སྐོར་ལམ་བཞི་པའི་ཤར་ལམ་སྒོ་རྟགས་131སྟེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་བོད་རིག་པའི་སློབ་ཚོགས།
སྦྲག་སྲིད་ཨང་རྟགས། 100101
སྦྲག་སྒམ་ཨང་རྟགས། ctrcyats@163.com
ཟུར་མཆན། ༡ ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཞོན་ནུའི་རྣམ་གྲངས་ཀྱི་སྤྱི་ལོ་2023ལོའི་ལོ་འཁོར་ཞིབ་འཇུག་བྱ་གཞིའི་ཕྱོགས་སྟོན།
1.中国藏学研究中心青年项目2023年度课题指南
༢ ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རྣམ་གྲངས་རེ་ཞུའི་ཡི་གེ
2.中国藏学研究中心青年项目申请书
༣ ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཞོན་ནུའི་རྣམ་གྲངས་ཀྱི་སྤྱི་ལོ་2023ལོའི་ལོ་འཁོར་རྣམ་གྲངས་རེ་ཞུའི་གསལ་ཐོ།
3.中国藏学研究中心青年项目2023年度申报项目清单
ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་བོད་རིག་པའི་སློབ་ཚོགས།
སྤྱི་ལོ་2023ལོའི་ཟླ་བ་5ཚེས་23ཉིན།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།
ཡིག་སྒྱུར། བྱམས་པ་ཚེ་རིང་།