ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས། འབད་འབུངས་ཡར་བརྩོན་གྱི་ལོ་ངོ་72

2023-05-25 16:27:00     责编:桑吉卓玛

བོད་ལྗོངས། འབད་འབུངས་ཡར་བརྩོན་གྱི་ལོ་ངོ་72

       སྤྱི་ཟླ་ལྔ་པར། ལྷ་སའི་ནམ་མཁའ་སྔོ་ཞིང་གཡའ་དག་པ་དང་། ཉི་འོད་ལྷག་ཏུ་འཚེར།
 

 

ལྷ་ས་སློབ་ཆུང་དང་པོའི་སློབ་མ་ཚོས་ཕོ་བྲང་པོ་ཏ་ལའི་མདུན་དུ་མཉམ་པར་རྒྱག་པ།

       སྤྱི་ལོ་1951ལོའི་ཟླ་5ཚེས་23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ་《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་》ལ་མིང་རྟགས་བཀོད་ནས་མི་དམངས་བཅིངས་འགྲོལ་དམག་བོད་ལ་སྐྱོད་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་བསྐྲོད་བཏང་བ། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་བཅས་བྱས་ཡོད། དེ་ནས་བཟུང་། བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད།
 

 

བསྐྱར་དར་རྟགས་ཅན་མེ་འཁོར་བོད་ལྗོངས་སུ་བསྐྱོད་པ།

       ད་ལོ་ནི་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་72འཁོར་བའི་ལོ་ཞིག་རེད། ལོ་ངོ་72རིང་། ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བོད་ལྗོངས་ཀྱིས་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་བརྟན་པོ་བཅས་བྱས་ནས་ཟིལ་རླབས་དགུང་དུ་འཕྱུར་བའི་ལམ་བུ་ཞིག་བརྒྱུད་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ལྗོངས་སུ་དུས་བཀག་ལྟར་འབྱོར་འབྲིང་མངོན་འགྱུར་བྱུང་ཞིང་། སྤྱི་ཚོགས་སྤྱི་ཡོངས་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་རིག་གནས་སྔར་བས་དར་ཞིང་རྒྱས་པ། སྐྱེ་ཁམས་ཁོར་ཡུག་དེ་བས་ཡག་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོའི་མཐོང་ཆོས་སུ་གྱུར་ཡོད།
 

 

བོད་ལྗོངས་མངའ་རིས་ས་ཁུལ་དུ་འཚོ་བའི་རི་དྭགས།

       འདས་པའི་ལམ་ལ་ཕྱིར་བལྟས་ཀྱིས། རྒྱང་ལམ་གསར་པར་འབད་པས་བརྩོན། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་བོད་ལྗོངས་ཀྱི་འགྱུར་ལྡོག་ཆེན་པོ་ལས། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དེ་བས་མེད་པ་ར་སྤྲོད་ཁུངས་བཙན་བྱས་ཡོད་ཅིང་། ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་འབད་པ་ཆེར་བསྐྱེད་དང་། བརྩོན་པ་དང་དུ་བླངས་ཏེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་པས་རྩོམ་བཞིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ།
ཡིག་སྒྱུར། བསྟན་འཛིན། 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

བོད་ལྗོངས། འབད་འབུངས་ཡར་བརྩོན་གྱི་ལོ་ངོ་72

སྤྱི་ལོ་1951ལོའི་ཟླ་5ཚེས་23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ་《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས