ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མེ་སྐྱོན་ཆེན་པོ་ཞིག་ནང་རིག་དངོས་མང་པོ་བསྲེགས་འདུག

2023-05-24 16:44:00     责编:桑吉卓玛

​མེ་སྐྱོན་ཆེན་པོ་ཞིག་ནང་རིག་དངོས་མང་པོ་བསྲེགས་འདུག

       ཧྥི་ལི་ཕིན་མེ་ཟོན་སྡེ་ཚན་གྱིས་སྤྱི་ཟླ5ཚེས23ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཉིན་དེའི་ཞོགས་པའི་ཆུ་ཚོད6དང་སྐར་མ33ཡས་མས་སུ་ཧྥི་ལི་ཕིན་གྱི་མ་ནི་ལའི་ཀྲུང་དབྱང་སྦྲག་སྲིད་ཐོག་ཁང་ཆེན་མོར་མེ་སྐྱོན་བྱུང་བ་དེ་གཞི་ནས་བསད་ཚར་བ་དང་། དེའི་སྐབས་མེ་སྐྱོན་བྱུང་ནས་ཆུ་ཚོད་30ལྷག་ཕྱིན་ཡོད་པ་རེད།

 

 

       ཀྲུང་དབྱང་སྦྲག་སྲིད་ཐོག་ཁང་ལ་སྤྱི་ཚེས་21ཉིན་གྱི་ཆུ་ཚོད་23དང་སྐར་མ་41ཙམ་ལ་མེ་སྐྱོན་བྱུང་ཞིང་མེ་སྐྱོན་རིམ་པ་མཐོ་ཤོས་སུ་སླེབས་ཡོད། ཐོག་ཁང་གི་ནང་ངོས་སྤྱིར་ཚང་མ་མེར་བསྲེགས་ནས་གཏོར་སྐྱོན་ཕོག་ཡོད་པ་དང་། དེའི་ནང་ཉར་ཚགས་བྱས་པའི་གཏོང་ཡིག་དང་སྐུར་མ་སོགས་ལའང་ཤུགས་རྐྱེན་ཕོག་ཡོད་ཅིང་། དཔལ་འབྱོར་གྱོང་གུན་པི་སའོ་སྒོར་དུང་ཕྱུར་3བཟོས་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་3700ཙམ་ཟིན་ཡོད་པ་རེད།

 

 

       མེ་ཟོན་སྡེ་ཚན་གྱིས། མེ་སྐྱོན་ཁྲོད་མི་18ལ་རྨས་སྐྱོན་ཕོག་པ་དང་། དེའི་ནང་མེ་གསོད་རུ་མི་16དང་། མེ་གསོད་དང་བླངས་པ་1 གྲོང་མི1བཅས་ཚུད་པ་བརྗོད་འདུག

 

 

       མ་ནི་ལ་ཀྲུང་དབྱང་སྦྲག་སྲིད་ཐོག་ཁང་དེ་ཕ་ཤི་ཀི་གཙང་འགྲམ་གྱི་ནུབ་ངོགས་སུ་གནས་པ་དང་། དེ་ནི་མ་ནི་ལ་གྲོང་ཁྱེར་གྱི་ས་ཁམས་མཚོན་རྟགས་ཐོག་ཁང་ཞིག་ཡིན། ཐོག་ཁང་དེ་ཐོག་མར་སྤྱི་ལོ1926ལོར་བསྐྲུན་ཡོད། འོན་ཀྱང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་གཏོར་ཞིག་ཐེབས། སྤྱི་ལོ1946ལོར་བསྐྱར་སྐྲུན་བྱས། སྤྱི་ལོ་2018ལོར་ཧྥི་ལི་ཕིན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་ཀྲུང་དབྱང་སྦྲག་སྲིད་ཐོག་ཁང་ཆེན་མོ་དེ་ཧྥི་ལི་ཕིན་གྱི་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
སྒྲིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

མེ་སྐྱོན་ཆེན་པོ་ཞིག་ནང་རིག་དངོས་མང་པོ་བསྲེགས་འདུག

ཧྥི་ལི་ཕིན་མེ་ཟོན་སྡེ་ཚན་གྱིས་སྤྱི་ཟླ5ཚེས23ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཉིན་དེའི་ཞོགས་པའི་ཆུ་ཚོད6དང་སྐར་མ33ཡས་མས་སུ་ཧྥི་ལི་ཕིན་གྱི་མ་ནི་ལའི་ཀྲུང་དབྱང་སྦྲག་སྲིད་ཐོག་ཁང་ཆེན་མོར་མེ་སྐྱོན་བྱུང་བ་དེ་གཞི་