ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རྒྱལ་ཁབ་མང་པོར་སྐྱུག་བཤལ་ནད་པ་མང་པོ་ཐོན་འདུག

2023-03-25 17:24:00     责编:桑吉卓玛

རྒྱལ་ཁབ་མང་པོར་སྐྱུག་བཤལ་ནད་པ་མང་པོ་ཐོན་འདུག

 

       འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་འདིའི་ཚེས་22ཉིན་གསལ་བསྒྲགས་སྤེལ་བར་གཞིགས་ན། རྒྱལ་ཁབ་མང་པོ་ཞིག་གིས་སྐྱུག་བཤལ་རིམས་ནད་ཀྱི་ནད་དཔེ་མི་ཉུང་པ་སྙན་ཞུ་བྱས་པ་དང་རིམས་ནད་ཁྱབ་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད་རིམས་འགོག་སྨན་ཁབ་དང་དེ་མིན་གྱི་ཁ་གཏད་གཅོག་པའི་ཐོན་ཁུངས་མེད་པས་སྒྲིག་གཞི་དེས་མིག་སྔར་གོ་ལ་ཧྲིལ་པོའི་ ཉེན་ཁ་ཧ་ཅང་ཆེ་བར་ཚོད་དཔག་བྱས།
 

 

       འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་བསྒྲགས་ཁྲོད་བཤད་དོན། ད་ལོའི་སྤྱི་ཟླ་2ཚེས་11ཉིན་ཁྱབ་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་སྐྱུག་བཤལ་རིམས་ནད་ཀྱི་གཞི་གྲངས་དང་བསྡུར་ན་གོ་ལ་ཧྲིལ་པོར་རྒྱལ་ཁབ་བཞིའི་སྐྱུག་བཤལ་ནད་དཔེ་སྙན་ཞུ་ཇེ་མང་དུ་སོང་འདུག སྤྱི་ཟླ་3ཚེས་20ཉིན་བར་གོ་ལ་ཧྲིལ་པོ་རུ་རྒྱལ་ཁབ་24ཡིས་སྐྱུག་བཤལ་ནད་དཔེ་ཡོད་པ་སྙན་ཞུ་བྱས་པ་དང་གཙོ་བོ་ཨ་ཧྥེ་རི་ཁ་དང་དབུས་ཤར་ས་ཁུལ་དུ་ཁྱབ་ཡོད།

       གསལ་བསྒྲགས་ལས་སྤྱི་ལོ་2023ལོའི་ལོ་སྟོད་ནས་བཟུང་། སྐྱུག་བཤལ་རིམས་ནད་དེ་ཨ་ཧྥེ་རི་ཁའི་ཤར་ལྷོའི་རྒྱུད་དུ་སྔར་བས་ཁྱབ་ཚད་ཇེ་ཆེར་གྱུར་ཅིང་། མཱ་ལ་ཝུའེ་དང་མོ་སང་པི་ཁེའི་སྐྱུག་བཤལ་རིམས་ནད་མཆེད་ཚད་རྒྱ་ཆེ་ཞིང་ཡུན་རིང་ལ་མིག་སྔར་སྔར་བཞིན་རྒྱ་ཆེར་ཁྱབ་བཞིན་འདུག ཚ་ཁུལ་རླུང་འཁོར་ཏེ་ཧྥུའུ་ལའེ་ཏེ་ཡིས་བཟོས་པའི་དྲག་ཆར་གྱི་རྐྱེན་གྱིས་རྒྱལ་ཁབ་གཉིས་ཀྱི་སྐྱུག་བཤལ་རིམས་ནད་སྔར་བས་ཇེ་སྡུག་ཏུ་འགྲོ་སྲིད་པས་ཚང་མས་སེམས་ཁྲལ་བྱེད་ཀྱིན་འདུག ད་ལོ་ནས་བཟུང་སྐྱུག་བཤལ་རིམས་ནད་བྱུང་པའི་རྒྱལ་ཁབ་གཞན་དག་གི་ཁྲོད་དུ་ད་དུང་ཐན་སང་ནི་ཡ་དང་། ལྷོ་ཨ་ཧྥེ་རི་ཁ། ཙམ་པབ་ཝེ། ཙན་པི་ཡ་སོགས་ཡོད།

       འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྐྱུག་བཤལ་རིམས་འགོག་སྨན་ཁབ་དང་། སྤྱི་པའི་འཕྲོད་བསྟེན། སྨན་བཅོས་མི་སྣ་སོགས་ཀྱི་ཐོན་ཁུངས་དཀོན་པའི་དབང་གིས་གོ་ལ་ཧྲིལ་པོར་གློ་བུར་དུ་སྐྱུག་བཤལ་རིམས་ནད་མང་པོ་བྱུང་པས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་དཀའ་ཁག་འཕྲད་ཡོད་ཅེས་བསྟན།

       སྐྱུག་བཤལ་ནི་སྐྱུག་བཤལ་གཞུ་དབྱིབས་ནད་ཀྱིས་བསླངས་པའི་དྲག་ནད་རང་བཞིན་གྱི་རྒྱུ་ལམ་འགོས་ནད་ཅིག་ཡིན་པ་དང་། གཙོ་བོ་ཆུ་འགོ་མི་གཙང་བ་དང་ཟས་རིགས་བརྒྱུད་ནས་འགོས་པ་ཞིག་རེད། ནད་པར་རྒྱུན་དུ་སྐྱུག་པ་དང་། ཁོག་པ་བཤལ་བ། ལུས་ཆུ་ཤོར་བ། ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་ཡོད་ལ། ནད་གཞི་ལྗིད་མོ་ཡིན་པ་དང་སྨན་བཅོས་འགོར་འགྱངས་སུ་གྱུར་ན་རྐྱེན་ལམ་དུ་ཤོར་བའི་ཉེན་ཁ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
སྒྲིག་སྒྱུར། སྙན་དབྱངས། 

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

རྒྱལ་ཁབ་མང་པོར་སྐྱུག་བཤལ་ནད་པ་མང་པོ་ཐོན་འདུག

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་འདིའི་ཚེས་22ཉིན་གསལ་བསྒྲགས་སྤེལ་བར་གཞིགས་ན། རྒྱལ་ཁབ་མང་པོ་ཞིག་གིས་སྐྱུག་བཤལ་རིམས་ནད་ཀྱི་ནད་དཔེ་མི་ཉུང་པ་སྙན་ཞུ་བྱས་པ་དང་རིམས་ནད་ཁྱབ་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད་རིམས་འགོག་