ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཡང་ཀྲུང་གོའི་རྐང་སྤོར་མཐུན་ཚོཌ་ཀྱི་དཔོན་པོ་2ལ་བརྟག་དཔྱད་བྱས་འདུག

2023-03-25 17:23:00     责编:桑吉卓玛

ཡང་ཀྲུང་གོའི་རྐང་སྤོར་མཐུན་ཚོཌ་ཀྱི་དཔོན་པོ་2ལ་བརྟག་དཔྱད་བྱས་འདུག

 

       སྤྱི་ཟླ་3ཚེས་24ཉིན། ཧུའུ་པེ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཐོག་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དཔོན་རིགས་གཉིས་ལ་བརྟག་དཔྱད་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིག་སྤེལ་འདུག

 

 

       ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཕིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧུའུ་པེ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་གཉིས་ཀྱི་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
 

 

       ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་འགྲན་བསྡུར་པུའི་པུའུ་ཀྲང་ཧོང་སུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧུའུ་པེ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་གཉིས་ཀྱི་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

       ལོ་འདི་ཤར་ཚུན། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་མི་མང་པོ་ཞིག་སྔ་རྗེས་སུ་འཛིན་བཟུང་བྱས་པ་ཡོད། སྤྱི་ཟླ་1ཚེས་19ཉིན། གཞུང་ཕྱོགས་ཀྱིས་ཉིན་གཅིག་ནང་ཚུན་དུ་སྤྱི་བསྒྲགས་གཉིས་སྤེལ་ཏེ་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི། དྲུང་ཡིག་ཆེན་མོ་ཟུར་པ་ལིའུ་དབྱི་དང་། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་བ་གཞོན་པ་དང་རྒྱལ་ཁབ་རུ་ཁག་དོ་དམ་པུའི་པུའུ་ཀྲང་གཅིག་ལྕོགས་ཁྲེན་ཡུང་ལེའང་གཉིས་ལ་བརྟག་དཔྱད་བྱེདབཞིན་ཡོད་ཅེས་བསྟན་ཡོད།

       གཞན་ཡང་། སྤྱི་ལོ་2022ལོའི་ཟླ་11ཚེས་26ཉིན། གཞུང་ཕྱོགས་ཀྱིས་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་རུ་ཁག་གི་རྩལ་སློབ་པ་ཟུར་པ་ལི་ཐེ་ལ་བརྟག་དཔྱད་བྱེད་བཞིན་ཡོད་པའི་གནས་ཚུལ་བརྡ་ཁྱབ་བཏང་མྱོང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཡང་ཀྲུང་གོའི་རྐང་སྤོར་མཐུན་ཚོཌ་ཀྱི་དཔོན་པོ་2ལ་བརྟག་དཔྱད་བྱས་འདུག

སྤྱི་ཟླ་3ཚེས་24ཉིན། ཧུའུ་པེ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཐོག་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དཔོན་རིགས་གཉིས་ལ་བརྟག་དཔྱད