ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཉིང་ཁྲིའི་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པ།

2023-03-25 17:22:00     责编:桑吉卓玛

ཉིང་ཁྲིའི་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པ།

       གསར་འགོད་པས་སྤྱི་ཚེས་23ཉིན་བོད་ལྗོངས་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ་3པའི་ཚེས་22ཉིན་གྱི་ཆུ་ཚོད་13ཐོག ཉིང་ལག་རུ་ཁག་དེའི་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་ལ་རོགས་སྐྱོར་རེ་ཞུ་འབྱོར་བ་དང་། རྐང་འཁོར་བཞོན་ནས་སྐྱོད་མཁན་ཡུལ་སྐོར་བ་ཞིག་རྒྱལ་ལམ་219ཡི་ས་བབ་སྨི་4500ལྷག་ཙམ་ཟིན་པའི་ཡུལ་སྐྱིད་ལའི་ལམ་རྒྱུད་དུ་སྐྱོད་སྐབས་གངས་རྡིབ་བྱུང་ནས་ཉེན་ཁའི་གནས་སུ་གྱར་བ་མ་ཟད། ལ་དུག་རྒྱག་པའི་ནད་རྟགས་ཐོན་པ་དང་། དྲོ་དམན་ནད། གངས་ལོང་ནད་བཅས་ཐོན་ཡོད་པ་རེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གྲོང་ཚོའི་ལས་བྱེད་པ་དང་། ལས་རོགས་ཉེན་རྟོག་པ། གཞུང་ལམ་བདག་སྐྱོང་བ། མཐའ་སྲུང་བ་བཅས་དང་མཉམ་དུ་དོན་རྐྱེན་ཐོན་སར་རོགས་སྐྱོབ་བྱེད་པར་བསྐྱོད་པ་རེད། གངས་རྡིབ་ཡང་ཡང་འཕྲད་པའི་གནས་ཚུལ་འོག རོགས་སྐྱོབ་མི་སྣས་ཆུ་ཚོད་གཅིག་ལྷག་ཙམ་རིང་བཙལ་འཚོལ་བྱས་པ་བརྒྱུད་མཐར་ཉེན་གྱར་ཡུལ་སྐོར་བ་རྙེད་ཐུབ་པ་དང་འབྲེལ་ཁོང་ཉེ་འགྲམ་གྱི་བཀའ་གཏེར་གྲོང་ཚོར་བསྐྱལ་ནས་བཀོད་སྒྲིག་ཡག་པོ་བྱས་པ་རེད།

 


 


 


 

       ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་3པའི་ཚེས་19ཉིན་ནས་བཟུང་། གངས་ཆེན་པོ་བབས་པའི་རྐྱེན་གྱིས་མི་སྣ་དང་དེ་བཞིན་རླངས་འཁོར་མང་པོ་ཞིག་ཡུལ་སྐྱིད་ལ་སར་ལུས་པ་དང་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་གིས་ས་གནས་དེ་གའི་སྤྱི་བདེ་དང་། མེ་ཟོན། གཞུང་ལམ་བདག་སྐྱོང་བ། དེ་བཞིན་ས་གནས་དེ་གའི་ལས་བྱེད་མང་ཚོགས་བཅས་དང་མཉམ་འབྲེལ་བྱས་ནས་རོགས་སྐྱོབ་ནང་ཧུར་ཐག་ཞུགས་ཏེ། ཉེན་ཡོད་རླངས་འཁོར་ལ་འདྲེད་འགོག་ཐག་པ་སྤྲད་པ་དང་། ཁོང་ཚོར་བཟའ་བཅའ་དང་འཐུང་ཆུ་སོགས་མཁོ་འདོན་བྱས་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་བདེ་འཇགས་ལ་རོགས་རམ་བྱས་པ་རེད།
 


 


       མིག་སྔའི་བར། ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དང་དེ་བཞིན་བཅའ་སྡོད་བྱ་ཡུལ་དུ་ཁྱོན་རོགས་སྐྱོབ་མི་སྣ་མི་ཐེངས་73བཏང་བ་དང་། རིམ་རྩིས་བྱས་ན་རོགས་སྐྱོབ་དུས་ཡུན་ཆུ་ཚོད་65ལས་བརྒལ་བ། རོགས་སྐྱོབ་མི་སྣ་272དང་རླངས་འཁོར་54ཟིན་པ། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཕོག་མེད་པ་བཅས་ཀྱི་ཐོག་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། འབྲུག་འཚོ་སྐྱིད།
 

 

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཉིང་ཁྲིའི་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པ།

གསར་འགོད་པས་སྤྱི་ཚེས་23ཉིན་བོད་ལྗོངས་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ་3པའི་ཚེས་22ཉིན་གྱི་ཆུ་ཚོད་13ཐོག