ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མཚོ་སྔོན་གྱི་བྱིས་པ་འདི་དག་ལ་རིན་མེད་ངང་སྨན་བཅོས་བྱ་རྒྱུ་རེད།

2023-03-25 17:21:00     责编:桑吉卓玛

མཚོ་སྔོན་གྱི་བྱིས་པ་འདི་དག་ལ་རིན་མེད་ངང་སྨན་བཅོས་བྱ་རྒྱུ་རེད།

 


       སྤྱི་ཟླ་3ཚེས་23ཉིན། ཅང་སུའུ་ཞིང་ཆེན་གྱི་མཚོ་སྔོན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་དོན་རུ་ཁག་གིས་སྒྲིག་འཛུགས་བྱས་པའི“སྙིང་སྲུང་ལས་གཞི”ཡི་དགའ་སྐྱེལ་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དུ་གཉེར་བ་རེད། སྤྱི་ཚེས་24ཉིན། མཚོ་སྔོན་ཞིང་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་51ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་བསྐྱོད་དེ“སྙིང་སྲུང་ལས་གཞི”ཚོགས་པའི་སྨན་བཅོས་དང་ལེན་བྱ་རྒྱུ་ཡིན་པ་རེད།

       ཤེས་རྟོགས་བྱུང་བར་གཞིགས་ན། “སྙིང་སྲུང་ལས་གཞི”ཞེས་པ་ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གཉིས་པའི་སྙིང་ཁམས་ཁྲག་རྩ་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་རོགས་སྐྱོབ་སྨན་བཅོས་བྱེད་པའི་བདེ་ཐང་དབུལ་སྐྱོར་རྣམ་གྲངས་ཤིག་རེད། 2014ལོར་རྣམ་གྲངས་སྤེལ་འགོ་ཚུགས་པ་ནས་བཟུང་། “སྙིང་སྲུང་ལས་གཞི”ཡིས་སྔ་རྗེས་སུ་ཤིན་ཅང་དང་མཚོ་སྔོན། བོད་ལྗོངས། ཀུའེ་ཀྲོའུ། སི་ཁྲོན། ཧྲའན་ཞི། ཨན་ཧུའེ། ཀན་སུའུ། ཁྲུང་ཆིང་། ཅང་སུའུ་བྱང་རྒྱུད་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དབུལ་ཕོངས་ས་ཁུལ་དང་གྲོང་གསེབ། ཐག་རིང་མཐའ་མཚམས་ས་ཁུལ་བཅས་སུ་བསྐྱོད་དེ་ལྷན་སྐྱེས་སྙིང་ནད་ཕོག་མཁན་འཚག་བཤེར་དང་རོགས་སྐྱོབ་སྨན་བཅོས་ལས་དོན་སྤེལ་ཡོད་པ་དང་། ཁྱོན་མི་ཁྲི་10ལྷག་ཙམ་འཚར་བཤེར་ཐུབ་ཡོད་ཅིང་། འོས་འགན་སྨན་བཅོས་དང་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་ཐེངས་400ལྷག་ཙམ་བྱས་པ། རྫོང་དང་ཤང་གི་གཞི་རིམ་སྨན་དོན་མི་སྣ་ཆིག་ཁྲི་ལྷག་ཙམ་ལ་རིན་མེད་གསོ་སྦྱོང་བྱས་པ། གཅེས་སེམས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བསྡུ་རུབ་བྱས་པ། རིན་མེད་ངང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཕོག་ཡོད་པའི་བྱིས་པ1000ཙམ་ལ་སྨན་བཅོས་བྱས་པ་བཅས་ཀྱིས་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ཐད་ལེགས་སྐྱེས་ཕུལ་ཡོད་པ་རེད།

       ད་རེས་ནི“སྙིང་སྲུང་ལས་གཞི”ཡི་སྨན་དོན་མི་སྣ་མཚོ་སྔོན་དུ་ཡོང་ཐེངས་8པ་ཡིན་པ་དང་། ཅང་སུའུ་ཞིང་ཆེན་གྱི་མཚོ་སྔོན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་དོན་རུ་ཁག་དང་མཉམ་འབྲེལ་ཐོག་རིན་མེད་ངང་ལྷན་སྐྱེས་སྙིང་ནད་ཕོག་མཁན་འཚག་བཤེར་བྱེད་པའི་ཁྱབ་ཁོངས་ཀྱང་དེའི་གོང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་མཚོ་སྔོན་ཞིང་ཆེན་ཡོངས་སུ་རྒྱ་སྐྱེད་བཏང་ཡོད། ད་ཐེངས་ཀྱི་འཚག་བཤེར་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་དང་ཆུས་ཁག་ལ་ཁྱབ་པ་མ་ཟད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཡང་འཚག་བཤེར་བྱེད་ཁོངས་སུ་བཅུག་ཡོད་ཅིང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་151འཚག་བཤེར་ཐུབ་ཡོད་པ་རེད། སྐུལ་སློང་བྱས་པ་བརྒྱུད་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་51ནན་ཅིང་དུ་རིན་མེད་གཤགས་བཅོས་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། ལྷ་སྟག་འཚོ།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

མཚོ་སྔོན་གྱི་བྱིས་པ་འདི་དག་ལ་རིན་མེད་ངང་སྨན་བཅོས་བྱ་རྒྱུ་རེད།

སྤྱི་ཟླ་3ཚེས་23ཉིན། ཅང་སུའུ་ཞིང་ཆེན་གྱི་མཚོ་སྔོན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་དོན་རུ་ཁག་གིས་སྒྲིག་འཛུགས་བྱས་པའི“