ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་རྩེའི་ཁ་གདན་འཐག་པའི་ལག་རྩལ།

2023-03-25 17:17:00     责编:桑吉卓玛

ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་རྩེའི་ཁ་གདན་འཐག་པའི་ལག་རྩལ།

 

       རྒྱལ་རྩེའི་ཁ་གདན་ནི་སྲིང་སྐུད་ཀྱིས་གཞུང་ཐིག་བྱས་པ་དང་བལ་སྐུད་ཀྱིས་འཕྲེད་ཐིག་བྱས་པ་དང་། རྒྱལ་རྩེའི་བོད་རུམ་དང་པར་སིག་གི་ས་གདན། ཐུར་ཁེའི་ས་གདན་བཅས་ལ་འཛམ་གླིང་གྲགས་ཅན་ས་གདན་རིགས་གསུམ་ཟེར་ཞིང་། སྐྱུར་གཤིས་ཚོས་རྒྱུ་སྤྱོད་པ་ཕུད། གཞན་ཡང་རི་སྐྱེས་རྩི་ཤིང་གི་ཁུ་བ་དང་གཏེར་རྡོ་སོགས་ཁ་དོག་མི་འདྲ་བ་སོ་དྲུག་ཏུ་སྡེབ་སྦྱོར་བྱེད་པ་དང་། རྒྱལ་རྩེའི་ཁ་གདན་གྱི་ཁྱད་ཆོས་ནི་མདོག་ཧར་ཞིང་ཚོས་མི་འགྱུར་བའི་ཁྱད་ཆོས་ལྡན། 
 

 

       རྒྱལ་རྩེའི་ཁ་གདན་གྱི་རི་མོ་ནི་དང་ཐོག་གནའ་བོའི་དགོན་སྡེ་ཁག་གི་ལྡེབས་རིས་གཙོ་བོར་བྱས་པའི་མེ་ཏོག་དང་རྩྭ་རྩི་ཤིང་། འདབ་ཆགས། རི་དྭགས་སོགས་ཀྱི་རི་མོ་ཡོད། ད་ཆ་རྒྱལ་རྩེའི་ཁ་གདན་གྱི་ཚོས་གཞི་དང་སྣ་ཁ་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་པས། ཕོ་བྲང་པོ་ཏ་ལ་དང་ཇོ་མོ་གླང་མ་སོགས་བསླས་འཐག་ཐུབ་ཀྱི་ཡོད།

       བོད་ལྗོངས་ས་མཐོའི་བལ་སྤུར་རྩུབ་ཅིང་ཚིལ་སྣ་རིང་བའི་ཁྱད་ཆོས་ལྡན་པས། ཁ་གདན་འཐག་རྒྱུར་ཧ་ཅང་འཚམ་པོ་ཡོད། བོད་རུམ་ལ་དམིགས་བསལ་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་རྐྱེན་འཛམ་གླིང་ཐོག་སྐད་གྲགས་ཆོད་ཡོད། བོད་རུམ་ལས་ཅུང་གྲགས་ཆེ་བ་ནི་རྒྱལ་རྩེའི་ཁ་གདན་ཡིན་པ་དང་། རྒྱལ་རྩེའི་ཁ་གདན་ལ་ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཁར། དེའི་འཁེལ་འཐག་ཞིབ་ཚགས་པ་དང་སྤྱོད་ཡུན་རིང་བ། སྲོལ་རྒྱུན་གྱི་མི་རིགས་རི་མོ་རྒྱག་ཅིང་ཚོན་མདངས་རྣམ་པར་བཀྲ་བ། ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པ་བཅས་ཀྱིས་འཛམ་གླིང་མི་རིགས་བཟོ་རྩལ་མཛེས་རྩལ་གྱི་གཏེར་མཛོད་ནང་གི་ནོར་བུ་ཞིག་ཏུ་གྱུར་ཡོད།
 


 


 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། ཀུན་བཟང་དབང་མོ། 

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་རྩེའི་ཁ་གདན་འཐག་པའི་ལག་རྩལ།

རྒྱལ་རྩེའི་ཁ་གདན་ནི་སྲིང་སྐུད་ཀྱིས་གཞུང་ཐིག་བྱས་པ་དང་བལ་སྐུད་ཀྱིས་འཕྲེད་ཐིག་བྱས་པ་དང་། རྒྱལ་རྩེའི་བོད་རུམ་དང་པར་སིག་གི་ས་