ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཁོང་རྣམ་པས་ལོ་གསར་རིང་སྔར་བཞིན་ལས་གནས་བརྟན་སྲུང་གནང་བཞིན་ཡོད།

2023-01-26 10:30:00     责编:桑吉卓玛

ཁོང་རྣམ་པས་ལོ་གསར་རིང་སྔར་བཞིན་ལས་གནས་བརྟན་སྲུང་གནང་བཞིན་ཡོད།

        དཔྱིད་གསར་དུས་ཆེན་རིང་མི་མང་ཆེ་བ་ཁྱིམ་མི་དང་མཉམ་འཛོམས་བྱུང་ནས་དགའ་སྤྲོའི་ངང་ལོ་གསར་གཏོང་གི་ཡོད། འོན་ཀྱང་མི་ཁག་གཅིག་སྔར་བཞིན་ལས་གནས་བརྟན་སྲུང་གནང་བཞིན་ཡོད།

       སྨན་པས་ནད་ཁང་ལ་སྐོར་གཟིགས་གནང་ནས་ནད་པའི་ནད་གཞི་ལ་ལྟ་བ་དང་། སྨན་གཡོག་གིས་ནད་པའི་ལུས་པོའི་དྲོད་ཚད་དང་ཁྲག་ཤེད་ལ་ལྟ་བ་སོགས་ཁོང་རྣམ་པ་ལོ་གསར་གྱི་སྐབས་ལའང་ངལ་གསོ་རྒྱག་ཁོམ་མེད་པ་རེད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དུ་གལ་ཏེ་ཕྱི་རོལ་དུ་ཤོག་སྦག་གི་སྒྲ་ཐོས་རྒྱུ་མེད་པ་ཡིན་ན་སྨན་དོན་མི་སྣས་ད་ལྟ་ལོ་གསར་ཡིན་པ་ཕལ་ཆེར་བརྗེད་སྲིད།  
 

 

       རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་རིན་ཆེན་མཚོས་དུས་མཚམས་གོང་མའི་ལས་དོན་གླེང་སྐབས་གནོན་ཤུགས་རི་བོ་ལས་ཆེ་ཞེས་གསུངས་པ་དང་། ཁོང་གིས། དུས་མཚམས་གོང་མར་ཏོག་གསར་ནད་དུག་འགོས་པའི་གནོན་ཤུགས་ཆེ་བ་དང་མང་ཚོགས་ཀྱི་སྨན་པ་བསྟེན་པའི་བསྡུར་གྲངས་དེ་སྔ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད། དཔྱིད་གསར་དུས་ཆེན་རིང་ཕ་ཡུལ་དུ་ལོག་མཁན་མང་དུ་སོང་བ་དང་། རྫོང་གྲོང་དང་ཤང་གྲོང་། འབྲོག་ཁུལ་བཅས་སུ་རྨང་གཞིའི་རང་བཞིན་གྱི་ནད་གཞི་ཡོད་པའི་མི་ཚོགས་དང་རྒན་རྒོན་ཚོགས་སྤྱིར་ཏོག་གསར་ནད་དུག་འགོས་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། 

       རིམ་པ་གསུམ་པའི་ཀ་པ་རིམ་པའི་སྨན་ཁང་ཡིན་པའི་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་ནི་ས་གནས་དེ་གའི་ཏོག་གསར་ནད་དུག་འགོས་པའི་ནད་པ་གཙོ་བོ་སྐྱོབ་བཅོས་བྱེད་པའི་སྨན་ཁང་གཙོ་བོར་གྱུར་ཡོད།

       2022ལོའི་ཟླ་12ཚེས་28ཉིན་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་འདི་ཉིད་ཏོག་གསར་རིམས་ནད་འགོས་བཅོས་ཀྱི་གནས་གཏན་འཁེལ་གྱི་སྐྱོབ་བཅོས་སྨན་ཁང་ཞིག་ཡིན་པའི་ངོས་ནས་ནད་ཁུལ་དང་པོ་དང་ནད་ཁུལ་གཉིས་པ། སྒྲིག་བཀོད་སྒྲིག་ཆས་དང་མི་སྣ། སྨན་རྫས་བཅས་ཚང་མ་སྒྲིག་སྦྱོར་ཐུབ་པ་དང་འབྲེལ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། 

       མིག་སྔར་མུ་མཐུད་སྨན་བཅོས་བྱས་པ་བརྒྱུད་ནད་པ་མི་ཉུང་བ་ཞིག་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད།

       དགུང་ལོ་82ལ་ཕེབས་པའི་ནད་པ་ཝང་ཁྲུང་རེན་གྱིས། དང་ཐོག་ན་ཟུག་ལངས་པ་དང་གློ་རྒྱག་བྱུང་། སྨན་བཏུང་ཡང་དྲག་སྐྱེད་མ་བྱུང་བས་མཐར་སྨན་ཁང་དུ་ཕྱིན་པ་ཡིན། སྨན་བཅོས་ཉིན་དྲུག་བྱས་པ་བརྒྱུད་གཟུགས་པོ་ཅུང་བདེ་རུ་ཕྱིན་སོང་ཞེས་གསུངས། 
 

 

       ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ཟླ་3ཚེས་9ཉིན་ནས་བཟུང་སྨན་ཁང་འདིས་སྔ་རྗེས་སུ་རེས་སྐོར་བཞིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ནས་སྨན་དོན་མི་སྣ་ཡོངས་ལ་རེས་མོས་གསོ་སྦྱོང་བྱས་པ་དང་དུས་མཚུངས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྨན་བཅོས་རུ་ཁག་ཁག་8དང་མི་ཐེངས་495སྒྲིག་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། 

       རིན་ཆེན་མཚོ་ཡིས། རོགས་སྐྱོར་སྨན་བཅོས་རུ་ཁག་ཕྱིར་ལོག་རྗེས་སྨན་ཁང་ནང་གི་སྨན་དོན་མི་སྣ་ཡོངས་ལ་གསོ་སྦྱོང་བྱས་ཏེ་སྨན་ཁང་ནང་གི་ནད་གཞི་སྔོན་འགོག་ཚོད་འཛིན་དང་ནད་པ་ལྕི་རིགས་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་བཏང་ཡོད་ཅེས་གསུངས་པ་རེད། ཝང་ཧྥན་གྱིས། ཏོག་གསར་ནད་དུག་འགོས་པའི་ནད་པ་མང་ཆེ་བ་སྨན་བཅོས་བྱས་རྗེས་དྲག་སྐྱེད་མགྱོགས་པོ་བྱུང་ཡོད། དེའི་ཁྲོད་རྒན་རྒོན་ཁག་གཅིག་གིས་ཡི་གེ་མི་ཤེས་པ་དང་ལྟ་རྟོག་བྱེད་མཁན་ཡང་མེད། སྨན་དོན་མི་སྣས་རྒན་རྒོན་ལ་ལྟ་རྟོག་ལེགས་པོ་བྱས་ནས་ཁོང་ཚོར་སྨན་ཁང་གི་དྲོ་སྐྱིད་ཚོར་དུ་བཅུག་ཡོད་ཅེས་གསུངས། 

       མིག་སྔར་སྨན་ཁང་དེའི་སྒོ་བསྟེན་སྨན་བཅོས་བྱེད་ཚད་ཆེས་ཆེར་ཆག་ནས་ཆེད་ལས་ཚན་ཁག་གི་སྨན་བཅོས་སླར་གསོ་ཐུབ་པ་མ་ཟད། དེ་སྔ་ལས་བྲེལ་ཆེ་བའི་དོས་དྲག་ཚན་ཁག་ཀྱང་རྒྱུན་ལྡན་གྱི་རྣམ་པར་ལོག་ཐུབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། རྡོ་ཐར། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཁོང་རྣམ་པས་ལོ་གསར་རིང་སྔར་བཞིན་ལས་གནས་བརྟན་སྲུང་གནང་བཞིན་ཡོད།

རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་རིན་ཆེན་མཚོས་དུས་མཚམས་གོང་མའི་ལས་དོན་གླེང་སྐབས་གནོན་ཤུགས་རི་བོ་ལས་ཆེ་ཞེས་གསུངས་པ་དང་།