ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གྲང་རླབས་ཉེན་བརྡ། ས་ཁུལ་འདི་དག་གི་དྲོད་ཚད་8℃ལྷག་མར་ཆག་རྒྱུ་རེད།

2023-01-26 10:30:00     责编:桑吉卓玛

གྲང་རླབས་ཉེན་བརྡ། ས་ཁུལ་འདི་དག་གི་དྲོད་ཚད་8℃ལྷག་མར་ཆག་རྒྱུ་རེད།

        ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྤྱི་ཟླ་1ཚེས་24ཉིན་གྱི་ཆུ་ཚོད་6པར་གྲང་རླབས་ཉེན་བརྡ་སྔོན་པོ་བཏང་བ།

       གྲང་ངར་གྱི་ཤུགས་རྐྱེན་གྱིས། སྔོན་དཔག་བྱས་པ་ལྟར་ན། སྤྱི་ཟླ་1པའི་ཚེས་24ཉིན་གྱི་ཆུ་ཚོད་8པ་ནས་ཚེས་25ཉིན་གྱི་ཆུ་ཚོད་8པའི་བར་དུ། ཧོང་ཧོའེ་ཡི་ལྷོ་ཕྱོགས་དང་། ཅང་ཧའེ་ཡི་ཤར་རྒྱུད། ཅང་ཧོའེ་ཡི་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན། ཡུན་ནན་གྱི་ཤར་རྒྱུད་སོགས་ཀྱི་དྲོད་ཚད་ཏུའུ་6ནས་8བར་མར་ཆག་རྒྱུ་ཡིན་པ་དང་། དེ་ལས་ཀྲེ་ཅང་གི་ཤར་རྒྱུད་དང་ལྷོ་རྒྱུད། ཧྥུའུ་ཅན་གྱི་ས་ཆ་མང་ཆེ་བ། ཅང་ཞིའི་དབུས་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་ཏུའུ་8ཡན་མར་ཆག་རྒྱུ་ཡིན་པ་དང་། གོང་གསལ་གྱི་ས་ཁུལ་ལ་སྔ་རྗེས་སུ་ལྷག་པ་རིམ་པ་4ནས་6བར་དང་། ལྷག་པ་ཆེ་བ་རིམ་པ་7ནས་8བར་ལྡང་རྒྱུ་རེད། རང་རྒྱལ་གྱི་རྒྱ་མཚོར་ཐག་ཉེ་བའི་མཚོ་ཁོངས་མང་ཆེ་བར་ལྷག་པ་རིམ་པ་6-8དང་ལྷག་པ་ཆེ་བ་རིམ་པ་9-10ལྡང་རྒྱུ་རེད། དྲོད་ཚད་དམའ་ཤོས་ནི་སྤྱི་ཚེས་25ཉིན་གྱི་ཞོགས་པ་ཡིན་པ་དང་། དྲོད་ཚད་དམའ་ཤོས་ 0℃ ཐིག་ཡུན་ནན་གྱི་ཤར་རྒྱུད་དང་ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་ནས་ཧྭ་ནན་བྱང་རྒྱུད་བར་ཡིན་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག

ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

གྲང་རླབས་ཉེན་བརྡ། ས་ཁུལ་འདི་དག་གི་དྲོད་ཚད་8℃ལྷག་མར་ཆག་རྒྱུ་རེད།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྤྱི་ཟླ་1ཚེས་24ཉིན་གྱི་ཆུ་ཚོད་6པར་གྲང་རླབས་ཉེན་བརྡ་སྔོན་པོ་བཏང་བ།