ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དཀར་མཛེས་མེ་ཟོན་རུ་མིས་གླང་ཆེན་འགྱིང་རི་ནས་མི་ཞིག་བསྐྱབས་འདུག

2023-01-25 12:07:00     责编:桑吉卓玛

དཀར་མཛེས་མེ་ཟོན་རུ་མིས་གླང་ཆེན་འགྱིང་རི་ནས་མི་ཞིག་བསྐྱབས་འདུག

       2023ལོའི་ཟླ་1པོའི་ཚེས་21ཉིན་ཏེ། དཔྱིད་གསར་དུས་ཆེན་གནམ་གང་གི་ཆུ་ཚོད་12དང་སྐར་མ་50ཡི་ཐོག སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རིའི་མཛེས་ལྗོངས་ཁུལ་དུ་ལས་འགན་སྒྲུབ་བཞིན་པའི་སི་ཁྲོན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དཀར་མཛེས་ཉིང་ལག་རུ་ཁག་གི་རིམ་པ་གཉིས་པའི་མེ་ཟོན་རུ་མི་ཕེང་དབྱང་ལ་བགྲེས་སོང་ཞིག་འཕྲད་པ་དང་། བགྲེས་སོང་དེས་ཁོང་གི་ཚ་མོར་ལ་དུག་ཧ་ཅང་ཚབས་ཆེན་ཕོག་འདུག་ཅེས་བཤད་པ་རེད།
 

 

       ཕེང་དབྱང་གིས་གནས་ཚུལ་ཛ་དྲག་ཡིན་པ་ཤེས་ནས་འཕྲལ་མར་བུ་མོ་ཆུང་ཆུང་དེའི་ཉེ་འགྲམ་དུ་བསྐྱོད་ནས་ལྟ་སྐབས། བུ་མོ་དེའི་མཆུ་ཏོ་སྨུག་པོར་གྱུར་ཞིང་དྲན་པའང་མི་གསལ་བར་འགྱུར་ལ་ཁད་ཡོད། ཁོང་གིས་ལམ་སེང་ཁ་བརྡ་འཕྲུལ་ཆས་བཀོལ་ནས་ཉེ་འགྲམ་དུ་ལས་དོན་སྒྲུབ་བཞིན་པའི་རུ་མི་བོས་པ་དང་དུས་མཚུངས་སུ་གླང་ཆེན་འགྱིང་རིའི་དབུ་རྩེའི་དོ་དམ་ཁྲུའུ་ཡི་འཕྲོད་བསྟེན་ཁང་གི་སྨན་པར་ཁ་པར་བཏང་། དེ་རྗེས་རུ་མི་གསུམ་གྱིས་བུ་མོ་དེ་པང་དུ་བཟུང་ནས་འཕྲལ་མར་འཕྲོད་བསྟེན་ཁང་ཕྱོགས་སུ་བསྐྱོད།

       སྐབས་དེར་གླང་ཆེན་འགྱིང་རིར་གངས་ཆེན་བབས་པས་ལམ་ཁར་གངས་འཁྱགས་ཀྱིས་ཁེངས་ཡོད། འདྲེད་བརྡབ་ཤོར་ནས་གནོད་འཚེ་ཐེངས་གཉིས་པ་བཟོ་ཉེན་ཡོད་པར་དོགས་ནས། རུ་མི་གསུམ་པོས་བུ་མོ་པང་དུ་བཟུང་སྟེ་གཟབ་གཟབ་ངང་བསྐྱོད། བར་ཐག་སྤྱི་ཁྲེ་ལྔ་བརྒྱ་ཡོད་པའི་འཕྲོད་བསྟེན་ཁང་ལ་སྐར་མ་གསུམ་ལ་སླེབས་ཡོད། སྨན་པས་མྱུར་དུ་གསོ་རླུང་འཕྲུལ་ཆས་སྤྱད་དེ་བུ་མོ་ཆུང་ཆུང་དེར་གསོ་རླུང་རྔུབ་ཏུ་བཅུག་པས། ཆུ་ཚོད་ཕྱེད་ཀ་ཙམ་ལ་ད་གཟོད་ཉེན་ཁ་ལས་བྲལ་ཡོད།
 

 

       ཕེང་དབྱང་གིས། ས་བབ་མཐོ་བའི་ས་ཁུལ་དུ་ངེས་པར་དུ་གསོ་རླུང་དམ་བེ་སོགས་ཀྱི་ཡོ་ཆས་དང་སྨན་རྫས་འཁྱེར་དགོས། དེ་འདྲ་མ་བྱས་ཚེ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་ཅེས་དྲན་སྐུལ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། བཀྲ་ཤིས་རྡོ་རྗེ།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དཀར་མཛེས་མེ་ཟོན་རུ་མིས་གླང་ཆེན་འགྱིང་རི་ནས་མི་ཞིག་བསྐྱབས་འདུག

2023ལོའི་ཟླ་1པོའི་ཚེས་21ཉིན་ཏེ། དཔྱིད་གསར་དུས་ཆེན་གནམ་གང་གི་ཆུ་ཚོད་12དང་སྐར་མ་50ཡི་ཐོག སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རིའི་མཛེས་ལྗོངས་ཁུལ་དུ་ལས་འགན་སྒྲུབ་བཞིན་པའི་སི་ཁྲོན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དཀར་མཛེས་ཉིང་ལག་རུ་ཁག་གི་རིམ་པ་གཉིས་པའི་མེ་